ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི“སྤྱི་གླིང་གྲོང་ཁྱེར”སྔར་ལས་སྡོད་ལ་འཚམ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།



ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གཏིང་ཟབ་སྒོས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་གྲོང་ཁྱེར་དུ་ལྗང་སྣོན་དང་སྤྱི་གླིང་སྐྲུན་པ། ཆུ་སྣོན་པའི་ལས་དོན་ལ་སྐུལ་འདེད་བྱས་ཏེ་སྤྱི་གླིང་འཛུགས་སྐྲུན་བརྒྱུད་དེ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་རུ་སྒྱུར། 

ཟླ4བའི་ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་། གསར་འགོད་པ་ལྷ་སའི་སྐྱིད་ཆུ་འགྲམ་རྒྱུད་ཀྱི་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་བསྐྱོད་པ་ན། ཉི་མ་དྲོ་ཞིང་བསིལ་རླུང་ལྡིང་བ། ཀྱག་ཀྱོག་གི་རྐང་ལམ་དུ་གྲོང་མི་ཚོས་སྤྲོ་གསེང་འབུད་པའི་རྣམ་པ་མཐོང་ཐུབ།

མཚོ་མོ་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། རྒྱུན་པར་སློབ་སྦྱོང་བྲེལ་བ་ཆེ་ཞིང་གནོན་ཤུགས་ཅུང་ཆེ་བས་སྤྱི་གླིང་དུ་འཆམ་འཆམ་དུ་ཕྱིན་ནས་གནོན་ཤུགས་སེལ་བཞིན་ཡོད། “སྤྱི་གླིང་ནི་དངོས་གནས་རང་ཉིད་ལྷོད་གཡེང་དུ་འགྲོ་ཐུབ་པའི་གནས་ཞིག་ཡིན། མཚོ་ནང་གི་ཆུ་བྱ་དང་ཡར་མར་རྒྱུ་བཞིན་པའི་བྱིས་པ་ཚོ་མཐོང་ཚེ། ཡང་ན་ཉི་འོད་དང་བསིལ་རླུང་གིས་ཀྱང་མའི་གནོན་ཤུགས་ཡོངས་སུ་སེལ་ཐུབ”ཅེས་མཚོ་མོས་གསར་འགོད་པར། མོ་རང་སྤྱི་གླིང་སོ་སོར་འགྲོ་རྒྱུ་དགའ་ལ། རྒྱུ་མཚན་སྤྱི་གླིང་རེ་རེའི་ཡུལ་ལྗོངས་མི་འདྲ་བས་ཚོར་སྣང་ཡང་མི་གཅིག་ཟེར།  །

“ང་རང་སྐོར་བྲོ་འཁྲབ་རྒྱུ་ཤིན་ཏུ་དགའ། དེ་ལྟར་བྱས་ནས་སེམས་གཡེང་ཐུབ་པ་མ་ཟད་ལུས་པོ་ཡང་སྦྱོང་བརྡར་བྱེད་ཐུབ། རྫོང་རྒྱབ་ཀླུ་ཁང་ནི་ང་རྒྱུན་ད་ཡོང་ས་ཡིན”ཞེས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལོ60ལོན་པའི་ཉི་མས་ཞབས་བྲོ་འཁྲབ་དུས་ཀྱི་ལྭ་བདག་བྱེད་ཞོར་དེ་ལྟར་བཤད། ཡང་ཁོས་ལས་གནས་ནས་ངལ་གསོས་རྗེས་སྤྱི་གླིང་ཁོའི“ཁྱིམ་གཉིས་པར”གྱུར་ཡོད།

ལྷ་སའི་གྲོང་མི་ལི་ཀྲུན་ཀྲུན་ཁྱིམ་མི་གང་བོར་མཚོན་ན། སྤྱི་གླིང་ནི་སྤྲོ་གསེང་བྱེད་སའི་གནས་ཡིན་པ་མ་ཟད། ཁྱིམ་ཚང་ཕྱིར་བསྐྱོད་དང་ཕ་བུ་བྱ་འགུལ་ཁྲོད་ཀྱི་འགྲོ་ས་གཙོ་བོ་ཡིན། ལི་ཀྲུན་ཀྲུན་གྱིས་གསར་འགོད་པར། གཟའ་འཁོར་རེ་རེར་བྱིས་པ་ཁྲིད་ནས་སྤྱི་གླིང་དུ་འགྲོ་བ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ཟེར།

“སྐར་མ20སྤྱི་གླིང་ཕན་ནུས”ལ་ལི་ཀྲུན་ཀྲུན་ལ་ཆ་རྒྱུས་ཡོད་པ་དང་། མོས་ཕན་ནུས་དེས་མི་ཚོའི་གནོན་ཤུགས་སེལ་ཐབས་མཚོན་པ་མ་ཟད། རང་བྱུང་ཁམས་ཀྱི་སེམས་བཅོས་སྟོབས་ཤུགས་མངོན་པ་རེད། 

ལྷ་སའི་སྤྱི་གླིང་གླེང་དུ། ལི་ཀྲུན་ཀྲུན་གྱིས“ང་ཚོ་སྤྱི་གླིང་མང་པོར་སོང་མྱོང་ལ། དཔེར་ན། ལྷོ་བྱང་རི་སྤྱི་གླིང་། གཙང་འགྲམ་སྤྱི་གླིང་། སྟག་ལུང་གཙང་འགྲམ་ལུས་རྩལ་སྤྱི་གླིང་སོགས། ཡིན་ཡང་མིག་སྔར་ཆེས་དགའ་བ་ཆུ་འགྲམ་སྤྱི་གླིང་ཡིན། རྒྱུ་མཚན་ནི་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། མཐའ་འཁོར་གྱི་ཆ་འགྲིག་སྒྲིག་བཀོད་ཅུང་འཐུས་ཚང་ཡིན། ད་དུང་སྒེར་ས་རྒྱག་ཆོག་པས་ངེད་བཟའ་མི་གང་བོར་དགའ་སྤྲོ་ཁྱེར་ཡོང”ཞེས་བཤད།

“སྐར་མ20ཡི་སྤྱི་གླིང་ཕན་ནུས”ལ་ཚན་རིག་གི་བརྟེན་ས་ཡོད་ལ། བོད་ལྗོངས་ཧྥུ་ཁང་སྨན་ཁང་གི་བསམ་པའི་གསོ་རིག་གཙོ་བཅོས་སྨན་པ་ཁྲེང་ཀྲང་ཡུས་ཀྱིས་གསར་འགོད་པར། རང་བྱུང་ཁམས་སུ་བསྐྱོད་ཚེ་མངོན་གསལ་གྱིས་མི་ལུས་ནང་གི་སྐུལ་རྒྱུའི་ཆུ་ཚད་དམའ་རུ་འགྲོ་ཞིང་། དེ་དང་ཆབས་ཅིག་ཏུ་རང་བྱུང་ཁོར་ཡུག་གིས་ཀླད་པའི་ནང་གི་ཚོད་འཛིན་ལྟེ་གནས་ལ་རོགས་བྱས་ནས། དཔྲལ་བའི་སྐྱི་མོ་ལྷོད་གཡེང་དང་ངལ་གསོ་ཐུབ། དེ་ནི་ཡུན་རིང་བེད་སྤྱོད་བྱས་པའི་གྲུམས་ཤ་འཕུར་མཉེད་བྱས་པ་དང་འདྲ། རང་བྱུང་ཁོར་ཡུག་ནང་དུ་མིའི་སྔོན་ན་ཟིང་འཚུབ་ཀྱི་དབང་རྩ་ལྷོད་གཡེང་སོང་ནས་ཏའོ་པ་ཨན་སོགས་ཀྱི་རྫས་ཇེ་མང་དུ་འགྲོ་ཟེར།

དེ་བཞིན། གནོན་ཤུགས་ལྡན་པའི་ལས་གནས་ཁོར་ཡུག་ཡང་ན་རྙོག་འཛིང་ལྡན་པའི་མིའི་འབྲེལ་འདྲིས་ནང་སྡོད་སྐབས། བསམ་པའི་གནོན་ཤུགས་མུ་མཐུད་དུ་གསོག་པ་དང་། སྤྱི་གླིང་ནང་བསྐྱོད་ཚེ་གནས་སྐབས་ཙམ་ལ་དེ་དག་དང་ཁ་བྲལ་ནས་ཟིང་འཚུབ་ཀྱི་དབང་རྩ་ངལ་གསོ་བྱེད་ཐུབ། གཞན་ཡང་རང་བྱུང་ཁམས་ཀྱི་ཆ་འཕྲིན་སོ་སོ་མིའི་དབང་བོ་ལ་ཤུགས་རྐྱེན་ཐེབས་ནས། རང་བྱུང་གི་སྨན་བཅོས་ཐབས་མཁོ་འདོན་བྱས་པས་སེམས་ཀྱི་གནོན་ཤུགས་སེལ་རོགས་བྱེད་ཐུབ།

ཁྲེང་ཀྲང་ཡུས་ཀྱིས། “གནོན་ཤུགས་ནི་འཚོ་བའི་ཁྲོད་ལྡོག་ཐབས་མེད་པ་ཞིག་ཡིན་པས། རྒྱུན་པར་གནད་དོན་རང་ཉིད་ཚབས་ཆེན་མིན་ཡང་། ང་ཚོས་དེ་ལ་སེམས་ཤུགས་གཏད་ཅིང་ཐག་གཅོད་ཐབས་བཙལ་དྲག་ན་གནད་དོན་རྙོག་འཛིང་ཅན་དུ་འགྱུར་སླ། དེ་ནི་བསམ་པར་གནོད་པ་ཡིན། གལ་ཏེ་རྒྱུན་པར་རང་བྱུང་ཁོར་ཡུག་ནང་འགྲོ་བ་དང་ཡང་ན་ཕྱི་རོལ་དུ་སྦྱོང་བརྡར་བྱས་ནས། གནས་སྐབས་ཙམ་གྱིས་གནད་དོན་ལས་ཐར་ནས་སེམས་དང་ལུས་ཀྱི་གནོན་ཤུགས་སེལ་ཐུབ། འགྱུར་ལྡོག་འདིས་སེམས་ཁམས་ཀྱི་བདེ་ཐང་སྲུང་བར་ནང་དོན་གལ་ཆེན་ལྡན”ཟེར།

ད་ལྟ། ལྷ་ས་གྲོང་ཁྱེར་གྱིས་སྤྱི་གླིང་ཆེ་ཆུང120བསྐྲུན་ནས། གྲོང་མི་ཚོར་སེམས་ཁམས་གཡེང་བའི་བར་གསེང་རྒྱ་ཆེ་པོ་མཁོ་འདོན་བྱས་ཡོད། གལ་ཏེ་དུས་ཚོད་ཡོད་ཚེ་གནས་དེ་དག་ཏུ་སོང་ནས་ངོ་མཚར་ལྡན་པའི“སྐར་མ20སྤྱི་གླིང་ཕན་ནུས”ལོངས་སུ་སྤྱོད་ཆོག་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།