ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར200ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་རྩ་བའི་དམིགས་དོན་རྒྱུན་འཁྱོངས་དང་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ཏེ། ཟླ3པའི་ཟླ་མཇུག་བར་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར200ཡི་འགག་ཆེན་ལས་བརྒལ་ནས་སྒོར་དུང་ཕྱུར200.07ལ་སླེབས་ཡོད་པ་དང་། ལོ་མགོ་དང་བསྡུར་ན་སྒོར་དུང་ཕྱུར25.79དངོས་འཕར་བྱུང་ནས་དངོས་ཚན་དཔལ་འབྱོར་དང་མཉམ་དུ་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཡོད།

ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་འཐབ་ཇུས་གལ་ཆེན་དང་རྣམ་གྲངས་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་དངོས་གསོ་རིག་དང་སྔོན་ཐོན་བཟོ་སྐྲུན། ཆུ་བེད་ཆུ་གློག་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། ཟླ3པའི་ཟླ་མཇུག་བར་དངུལ་ཁང་ཡོངས་ཀྱི་གཞུང་ཕྱོགས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར100ལས་བརྒལ་ཡོད།

ཀུན་ཕན་ཡིད་རྟོན་དངུལ་བུན་གྱི“གྲངས་འབོར་འགན་ལེན་དང་རིན་གོང་བརྟན་པོ། གྲུབ་ཚུལ་ལེགས་པོ”བཅས་དམིགས་ཡུལ་ཆེན་པོ་གསུམ་ལ་དམིགས་ནས། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས“ཁེ་ལས་ཆུང་འབྲིང་གསོ་སྐྱོང་བང་མཛོད་བསྐྲུན་པ་དང་། ཁེ་ལས་ཆུང་འབྲིང་གི་གསོ་སྐྱོང་མཁན་བཀོད་སྒྲིག”དམ་འཛིན་བྱ་གཞིར་བཟུང་སྟེ། དངུལ་བུན་ཚོང་དུད་ཐོག་མའི“དང་ཐོག་གི་སྤྱི་ལེ་གཅིག”ཤར་བགྲོད་བྱས་པ་དང་གྲངས་འཛིན་ཀུན་ཕན་གྱི“དྲ་ཐོག་སྤྱི་ལེ་གཅིག”བཏོད་དེ། མ་དངུལ་གྲབས་གསོག་ཁག་ཐེག་གི“དབུས་ཀྱི་སྤྱི་ལེ་གཅིག”བསྐྲུན་ནས་རྒྱ་ཁྱབ་ཆེ་བའི་ཀུན་ཕན་དངུལ་རྩའི་སྐྱེ་ཁམས་བཏོད་པ། དུས་ཚིགས་དང་པོར་བསྡོམས་པས་ཀུན་ཕན་རྣམ་པའི་ཁྲིམས་མི་ཆུང་གྲས་ཀྱི་དངུལ་བུན193འགྲེམ་གཏོང་བྱས་ཤིང་། དེའི་ཁྲོད་དངུལ་བུན་ཚོང་དུད་ཐོག་མ79ཡོད།

དམངས་འཚོའི་ཁྱབ་ཁོངས་ཐད། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་སྡོད་ཁང་དང་འཛད་སྤྱོད། ཐོན་སྐྱེད་བདག་གཉེར་བཅས་ལ་དམིགས་ཏེ། “དྲ་ཐོག+ཡུལ་དངོས”ཕྱོགས་གཉིས་ཀྱིས་ཤུགས་འདོན་པའི་མི་སྒེར་གྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་རྣམ་པ་བསྐྲུན་ནས་རང་གཤིས་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་རྩའི་མ་འཇོག་ལ་འགན་ལེན་ནུས་ལྡན་བྱས། ཟླ3པའི་ཟླ་མཇུག་བར་དངུལ་ཁང་ཡོངས་ཀྱི་མི་སྒེར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར98.16ཟིན་ནས་ལོ་མགོ་དང་བསྡུར་ན་སྒོར་དུང་ཕྱུར10.15དངོས་འཕར་བྱུང་ཡོད།

“ཞིང་གསུམ”ལས་དོན་ལ་དམིགས་ཏེ་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས“བྱང་བུ་བཞིའི་ཡིད་རྟོན་དངུལ་བུན”དང“གྲོང་གསེབ་དར་སྤེལ་དང་མཐའ་བརྟན་དངུལ་བུན”སོགས་ད་ཡོད་ཀྱི་ཐོན་རྫས་རྒྱུན་མཐུད་སྟོབས་ལྡན་དུ་བཏང་ནས། “ཞིང་ཕན་དངུལ་བུནe”མུ་འབྲེལ་ཐོན་རྫས་ཁྱབ་གདལ་དུ་བཏང་བ་དང་། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་སུ་དངུལ་རྩ་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མཐའ་བརྟན་མཐར་དར་དང་དམངས་ཕྱུག་གི་དངུལ་རྩའི་ཞབས་ཞུ་གཏིང་ཟབ་དུ་སྤེལ་བ། ཟླ3པའི་ཟླ་མཇུག་བར་དངུལ་ཁང་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར100ཡི་འགག་ཆེན་ལས་བརྒལ་ནས་སྒོར་དུང་ཕྱུར101.77ལ་སླེབས་པ་དང་། ལོ་མགོ་དང་བསྡུར་ན་སྒོར་དུང་ཕྱུར18.24དངོས་འཕར་བྱུང་བ། མཐའ་མཚམས་རྫོང4ཡི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར49.08ལ་སླེབས་པ་དང་མང་ཚོགས་ཁྲི2.02ལ་ཕན་ཐོགས་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།