ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ཀྱིས་སླར་ཡང་ཟོན་ཐོ་གསར་བ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། དུས་ཡུན་རིང་བོར་བོད་ལྗོངས་ཀྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས་ཏེ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་། ཟླ2པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་རིགས་ཁག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར6282.84ཟིན་ནས་དུས་མཉམ་ལས14.48%འཕར་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་གི་ལོ་རྒྱུས་ཟིན་ཐོ་གསར་བ་བཏོད་ཡོད།

དངུལ་རྩའི་ཞབས་ཞུ་འཐུས་ཚང་དང་ཇེ་ལེགས་སུ་གཏོང་ཆེད། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཀུན་ཕན་དངུལ་རྩ་ཁྱབ་པའི་གཏིང་ཚད་དང་རྒྱ་ཆེ་ཚད་ཐད་མཛུབ་སྟོན་བྱས་ནས། དངུལ་རྩའི་ཞབས་ཞུའི་ཁེབས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ཇེ་མཐོར་བཏང་། ཟླ2པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1364.63ཟིན་ནས་དུས་མཉམ་ལས28.63%འཕར་ཡོད། དེའི་ཁྲོད་ཀུན་ཕན་ཁེ་ལས་ཆུང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར398.89ལ་སླེབས་ཡོད།

དེ་དང་ཆབས་ཅིག མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་ལ་གཙོ་གནད་རྒྱབ་སྐྱོར་བྱེད་པར་སྐུལ་ལྕག་བྱས་ནས། དངུལ་རྩའི་ཞབས་ཞུས་བོད་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་གཏོད་ལ་རོགས་འདེགས་བྱས་ཡོད། ཟླ2པའི་ཟླ་མཇུག་བར། བོད་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར313.42ཟིན་ཡོད། དེའི་ཁྲོད་དུས་ཡུན་རིང་བ་དང་འབྲིང་བའི་བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར250.47ལ་སླེབས་ཡོད།

གྲོང་གསེབ་དར་སྤེལ་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་མཐོར་གཏོང་བའི་ཐད། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་འཁོར་སྐྱོད་བདེ་བགྲོད་བྱས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུན་ནུས་ལྡན་བྱས་ན། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་སུ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། ཟླ2པའི་ཟླ་མཇུག་བར། བོད་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1825.52ཟིན་ནས་དུས་མཉམ་ལས13.15%ལ་སླེབངས་ཡོད། དེའི་ཁྲོད་ཞིང་སྡེའི་དངུལ་བུན་དུས་མཉམ་ལས19.27%འཕར་ཡོད་པ་དང་ཞིང་དུད་ཀྱི་དངུལ་བུན་དུས་མཉམ་ལས7.94%འཕར་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།