ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ས་གནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་དུས་ཚིགས་དང་པོར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་བརླིང་དང་བདེ་འཇགས་ཤར་གཏོང་ཡིན་ལ་ཚན་པ་སོ་སོའི་གནད་འགག་གི་དམིགས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན།

བོད་ལྗོངས་ཀྱི་ཡུལ་སྐོར་དང་ཚོང་དོན། འཛུགས་སྐྲུན་སོགས་ཀྱི་རིགས་སོ་སོའི་དཔལ་འབྱོར་སྤྱི་ཚོགས་བྱ་འགུལ་འཁྲུག་པོ་སྒྱུར་ཚད་མཐོ་རུ་ཕྱིན་པ་དང་བསྟུན། འགྲུལ་བ་སྔར་ལས་མང་པོས་གནམ་གྲུ་བསྡད་ནས་བོད་ལྗོངས་སུ་འགྲོ་བ་དང་། དུས་ཚིགས་དང་པོར་བོད་ལྗོངས་དམངས་འགྲུལ་གྱི་བསྡོམས་པས་དུས་གཏན་གནམ་གྲུ་འཕུར་འབབ་བྱེད་ཚད15748འགན་སྲུང་བྱས་པ་དུས་མཉམ་ལས30.6%འཕར་ཞིང་། 2019ལོའི་དུས་མཉམ་ལས40.0%འཕར་ཡོད། འགྲུལ་རྒྱུན་མི་ཐེངས་ཁྲི166.9ལེགས་འགྲུབ་ཟིན་ནས་དུས་མཉམ་ལས35.3%འཕར་ཞིང་། 2019ལོའི་དུས་མཉམ་ལས36.2%འཕར་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན10119.4ཟིན་ནས་དུས་མཉམ་ལས15.3%འཕར་ཞིང་། 2019ལོའི་དུས་མཉམ་ལས35.3%འཕར་བ་རེད། དེ་ནང་ལྷ་ས་གནམ་གྲུ་ཐང་གིས་སྐྱེལ་འདྲེན་གནམ་གྲུ་འཕུར་འབབ་བྱེད་ཚད་ཐེངས11519ཟིན་ནས་དུས་མཉམ་ལས33%འཕར་བ། བོད་ལྗོངས་ཡོངས་ཀྱི་སྐྱེལ་འདྲེན་འཕུར་འབབ་བྱེད་ཚད་ཀྱི73.1%ཟིན་ཡོད། འགྲུལ་བ་སྐྱེལ་ཚད་མི་ཐེངས་ཁྲི131.3ཟིན་ནས་དུས་མཉམ་ལས37.6%ཟིན་པ་དང་། བོད་ལྗོངས་ཡོངས་ཀྱི་འགྲུལ་བ་སྐྱེལ་ཚད་ཀྱི78.5%ཟིན་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན9021.7ཟིན་ནས་དུས་མཉམ་ལས13.6%འཕར་ཞིང་། བོད་ལྗོངས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི89.2%ཟིན།

སྐྱེལ་འདྲེན་ཆེན་པོ་གསུམ་གྱི་དམིགས་ཚད་མཐོ་རུ་ཕྱིན་པ་དེས་ནུས་ཤུགས་ལྡན་པའི་ངང་ཚོང་དོན་དང་དངོས་ཟོག་མཁོ་འདོན་སྦྲེལ་ཐག་གི་ཤར་གཏོང་འདེགས་སྐྱོར་གྱུར་ཞིང་། བོད་ལྗོངས་དམངས་འགྲུལ་གྱི་སྐྱེལ་འདྲེན་ཁྲོམ་རའི་འཕེལ་རྒྱས་མངོན་མེད་ནུས་ཤུགས་དང་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་བརྟན་བརླིང་དང་འགུལ་ཤུགས་ལྡན་པ་མཚོན་ཡོད།

2024ལོའི་ཚུན། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་བརྒྱུད། དམངས་འགྲུལ་ཁྲོམ་རའི་དགོས་མཁོ་ཡང་སྔར་ལས་ཆེ་རུ་ཕྱིན་པ་དང་། དཔྱིད་གསར་སྐྱེལ་འདྲེན་རིང་དཔྱིད་གསར་གུང་གསེང་གི་ཤུགས་རྐྱེན་དང་ཡུལ་སྐོར་དགོས་མཁོ་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་བོད་ལྗོངས་དམངས་འགྲུལ་གྱི་སྐྱེལ་འདྲེན་དམིགས་ཚད་ལོ་རྒྱུས་ཀྱི་རིམ་པ་གསར་བ་བཏོད་པ་དང་། གུང་གསེང་རྗེས་སུ་ལས་རིགས་སོ་སོ་ལས་མགོ་དང་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་དགོས་མཁོ་མགྱོགས་མྱུར་གྱིས་འཕར་བས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཤུགས་ཆེན་པོས་ངང་ཡུལ་སྐོར་ལས་རིགས་རྣམ་པ་སྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་བྱས། སྐོར་དྲུག་པའི“དགུན་དུས་བོད་ལྗོངས་སུ་བསྐྱོད་པའི”སྲིད་ཇུས་ཀྱིས་ཡུལ་སྐོར་པས་དུས་བཀར་ནས་བོད་ལྗོངས་སུ་ལྗོངས་གཟིགས་བྱེད་དུ་ཡོང་བ་དང་། ཉིང་ཁྲིའི“ཁམ་བུའི་མེ་ཏོག་དུས་ཆེན”བདེ་བླག་ངང་སྤེལ་བས་ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་གི་ཉིན་རེའི་གནམ་གྲུ་འཕུར་འབབ་བྱེད་ཚད་དང་། འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་ཟླ3པའི་ཚེས30ཉིན་ལོ་རྒྱུས་ཀྱི་ཆེས་མཐོ་བའི་རིམ་པར་སླེབས། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་བཏང་བས་མུ་མཐུད་དུ་ཚོང་ལས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། སྔར་ལས་ལྷག་པའི་ངང་ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བས། ནུས་ཤུགས་ཆེན་པོས་བོད་ལྗོངས་དམངས་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

དུས་གཏན་གནམ་གྲུ་བདེ་བླང་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་ཆེད། དམངས་འགྲུལ་བོད་ལྗོངས་ཆུས་ཅུའུ་ཡིས་བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་དུ་བཙུགས་ནས“བདེ་འཇགས་དང་པོའི་བསམ་ཕྱོགས”རྒྱུན་འཁྱོངས་བྱས་ཏེ། གཅིག་ནས་བོད་ལྗོངས་ཁོངས་གཏོགས་ནང་གི་གནམ་གཤིས་ངན་པ་དང་དུས་ཚིགས་བརྗེ་རྗེས་གནམ་གྲུ་འཕུར་འབབ་བྱེད་ཚད། འགྲུལ་རྒྱུན་མང་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་སྔོན་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང་། གནམ་གྲུ་འཕུར་རིང་གི་ཉེན་ཁ་ལ་སྔོན་ལ་ཉེན་བརྡ་གཏོང་བ་དང་དོ་དམ་ཚོད་འཛིན་བྱས། ཧུར་ཐག་གིས་གནམ་གྲུ་འཕུར་བསྐྱོད་ནུས་བ་མཐོ་རུ་བཏང་། གཉིས་ནས་གནམ་གྲུ་རྒྱུག་ལམ་དང་མཁའ་དབྱིངས་གི་དོ་དམ། མཁའ་དབྱིངས་ཀྱི་སྔོན་འགོག་བཅས་ཀྱི་ཉེན་ཁ་ཆེན་པོ་གསུམ་དང་ཉེན་ཁ་འགྱུར་ལྡོག་སོགས་ལ་དོ་དམ་ཚོད་འཛིན་བྱས་ནས། ཉེན་ཁ་ཆེན་པོའི་མངོན་མེད་ཤུགས་རྐྱེན་གཙོ་བོར་བཟུང་ནས་བདེ་འཇགས་འཁོར་བསྐྱོད་དང་འགན་སྲུང་ནུས་བ་མཐོ་རུ་བཏང་ནས་བོད་ལྗོངས་དམངས་འགྲུལ་བདེ་འཇགས་རྣམ་པ་ཚོད་འཛིན་ཐུབ་པར་འགན་ལེན་བྱས། གསུམ་ནས་ཤུགས་ཆེན་པོས“བརྩེ་སེམས་ལྡན་པའི་ཞབས་ཞུ”འདུ་ཤེས་ལག་བསྟར་བྱས་ནས། བྱེད་ཐབས་སྣ་མང་གིས་ཕྱོགས་ཡོངས་ནས་ཞབས་ཞུ་སྤུས་ཚད་དང་ཕན་ནུས་མཐོ་རུ་བཏང་། ཕྱོགས་ཡོངས་ནས་བར་བརྒྱུད་ཞབས་ཞུ་གང་ལེགས་སྒྲུབ་ནས་འགྲུལ་བ་ཚོར་ཐེངས་གཅིག་གི་འགྲོ་ལུགས་དང་ཅ་ལག་ཐད་ཀར་ཁྱེར་བ། ཐེངས་གཅིག་གི་བདེ་འཇགས་ཞིབ་བཤེར་སོགས་ཀྱི་གནམ་གྲུ་ནང་འབུད་པའི་ཆེད་གཏོགས་ཞབས་ཞུ་ལག་བསྟར་བྱས། གཞན་ཡང་ན་གཞོན་དང་བླངས་པ་དང་རང་འགུལ་གྱིས་འགྲོ་ལུགས་སྒྲུབ་པ། རང་རོགས་ཀྱི་ཅ་ལག་སྐྱེལ་བ་སོགས་ཀྱི་ཞབས་ཞུ་རབ་དང་རིམ་པ་སྤེལ་ནས་འགྲུལ་བ་ཚོར་སྟབས་བདེ་སྐྲུན་པ་དང་། “ཐེངས་དང་པོར་གནམ་གྲུ་ནང་འདུག་པ”སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་ནས་དབང་པོ་སྐྱོན་ཅན་དང་རྒན་པ། འགྲོ་རོགས་མེད་པའི་བྱིས་པ་སོགས་ཀྱི་འགྲུལ་བ་དམིགས་བསལ་ཅན་ལ་ཐུགས་ཁུར་གནང་བ་རེད།

དམངས་འགྲུལ་བོད་ལྗོངས་ཆུས་ཅུའུ་ཡིས“མི་དམངས་གཙོ་བོར་འཛིན་པའི”འཕེལ་རྒྱས་འདུ་ཤེས་ཀྱིས“མི་དམངས་དམངས་འགྲུལ་གྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི”ལས་རིགས་དགོངས་དོན་གྱིས་རྒྱུན་མཐུད་ངང་གནམ་གྲུ་བདེ་འཇགས་ངང་འཁོར་བསྐྱོད་དང་ཞབས་ཞུ་ཆུ་ཚད་མཐོ་རུ་བཏང་ནས། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།