ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་སྒང་གི་བུད་མེད་ཚོས་ཤིང་ཏོག་འཚོང་ནས་སྐྱེ་ཁམས་ཕྱུག་འགྱུར་ལམ་བུ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔྱིད་རླུང་དལ་གྱིས་ལྡིང་པ་དང་མཐོ་སྒང་གི་རི་ཀླུང་ཀུན་ཏུ་ལྗང་མདོག་གིས་ཁྱབ་པ་རེད། བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ཕྱོགས་བཞི་ནས་ཡོང་བའི་མགྲོན་པོ་རྣམས་བསུ་བཞིན་ཡོད།

རྒྱལ་ལམ219རྒྱུ་ནས་སོང་ནས་ལམ་བར་དུ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་གྲོང་རྡལ་ཆབ་མདོ་སྒང་གྲོང་ཚོར་སླེབས་དུས། ཉང་ཆུ་དང་ཡར་ཀླུང་གཙང་པོ་གཉིས་ཀྱི་འདྲེས་མཚམས་ཀྱི་མཛེས་ལྗོངས་ནི་ཡིད་དབང་འཕྲོགས་པ་ཞིག་ཡིན་པས་ཡུལ་སྐོར་པ་རྣམས་ཡོང་སའི་གནས་མཆོག་ཏུ་གྱུར། ངལ་རྩལ་ལ་དགའ་བའི་ཆབ་མདོག་སྒང་གྲོང་ཚོའི་བུད་མེད་ཚོས་གནས་དེ་ནས་ཤིང་ཏོག་འཚོང་བཞིན་ཡོད་པ་མ་ཟད། ད་དུང་མངར་ཇ་དང་ནས་ཀྱི་བག་ལེབ་སོགས་ཀྱང་འཚོང་བཞིན་ཡོད་པས་ཕྱོགས་བཞི་ནས་ཡོང་བའི་ཡུལ་སྐོར་པ་བསུས་པ་རེད།


འདི་ནི་ཆབ་མདོ་སྒང་གྲོང་ཚོའི་ཤིང་ཏོག་འཚོང་སའི་རྣམ་པ་ཡིན།

       དུས་རབས20པའི་ལོ་རབས60ནང་སྐྲུན་པའི་སྨན་གླིང་ཞིང་ར་དེས་སྨན་གླིང་གི་ཤིང་ཏོག་འདེབས་འཛིགས་ལ་རྨང་གཞི་བཙུགས་པ་རེད། རྒྱུས་ལོན་ལྟར་ན། སྔོན་ཆད་གྲོང་ཚོ་ནང་གི་ཤིང་ཏོག་ཚང་མ་སྨན་གླིང་ཞིང་ར་ཡིས་མཁོ་འདོན་བྱས་པ་དང་། 

ལོ57ལོན་པའི་ཆབ་མདོ་སྒང་གྲོང་ཚོའི་གྲོང་མི་ཚ་གོ་ནི་གྲོང་འདབས་སུ་ཤིང་ཏོག་འཚོང་བའི་བུད་མེད་སྐོར་དང་པོ་ཡིན་ལ། ད་ལྟའི་བར་དུ་ཤིང་ཏོག་འཚོང་ནས་ལོ15འགོར། ཚ་གོ་ཡིས་ཤིང་ཏོག་འཚོང་བས་ཁྱིམ་མི་གང་བོའི་འཚོ་བ་ལ་འགྱུར་ལྡོག་བྱུང་བ་མ་ཟད། གྲོང་མི་ཚོའི་བསམ་བློ་དང་འཚོ་བའི་འཕོ་འགྱུར་ཡང་བཀོད་པ་རེད།

ཚ་གོ་ཚང་གི་ཁྱིམ་ར་རུ་སླེབས་དུས། མིག་ལམ་དུ་མངོན་པ་ནི་ཁ་མདོག་རྣམ་པར་བཀྲ་བའི་ཐོག་ཁང་ཆུང་ཆུང་དང་། ཟུར་དུ་དེང་རབས་ཅན་གྱི་ཉི་འོད་རྒྱག་པའི་ཁང་བ་ཡིན། སྒོ་ཁའི་རྐུབ་སྟེགས་སྟེང་དུ་བསྡད་དེ་མངར་ཇ་འཐུང་པ་དེ་ཡང་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རྣམ་པ་ཞིག་ཏུ་གྱུར།

ཚ་གོ་ཚང་གི་ཁང་བའི་མདུན་རྒྱབ་གང་དུ་ཤིང་ཏོག་སྡོང་བོ་བཙུགས་ཡོད། “ད་ལྟ་ཤིང་ཏོག་གི་སྡོང་བོ500ལྷག་བཙུགས་ཡོད་པའི་ནང་ཀུ་ཤུ་དང་ལི་སོགས་ཡོད། ”ཅེས་ཚ་གོ་ཡིས་བཤད། གཞན་ཡང་མོས་ས་རྒོད་གཏད་དེ་ཤིང་ཏོག་གི་སྡོང་བོ་འདེབས་འཛུགས་བྱས་པས་དགུན་ཁ་ཧྲིལ་བོར་སྡོང་མྱུག་གསོ་སྤེལ་ལས་བ་བྲེལ་བ་རེད། ཡང་མོས“འདི་ནི་ན་ནིང་དགུན་ཁར་ཡལ་ག་མཐུད་སྦྱོར་བྱས་པ་ཡིན་ལ། ད་མྱུ་གུ་འབུས་པ་རེད”ཅེས་ཚ་གོའི་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད། 


ཚ་གོ་རང་གི་ཤིང་ཏོག་ར་བ་ནས་ཡོད་པ།

“གྲོང་མི་ཚོས་ཤིང་ཏོག་གི་སྡོང་བོ་འདེབས་འཛུགས་བྱ་ཆེད། ད་ལྟ་སྲིད་གཞུང་གིས་ལོ་རེར་ཁྱིམ་ཚང་རེ་ལ་སྡོང་ཕྲན40ལྷག་སྟེར་བཞིན་ཡོད། 2021ལོ་ནས་བཟུང་། གྲོང་ཚོས་ཐུན་མོང་གིས་ཤིང་ཏོག་སྡོང་བོ་མུའུ50འདེབས་འཛུགས་བྱས་པ་དང་། མ་འོངས་པར་མུའུ300ཟིན་རྒྱུ་རེད། ཤིང་ཏོག་དེ་དག་གྲོང་འདབས་ནས་འཚོང་ཚར་ངེས་ཡིན”ཞེས་ཆབ་མདོ་སྒང་གྲོང་ཚོའི་གྲོང་ཨུའི་ཀྲུའུ་རེན་རྡོ་རྗེ་ཡིས་དེ་ལྟར་བཤད།

“2000ལོར། ཁྱིམ་ཚང5ནས6གིས་མ་གཏོགས་ཤིང་ཏོག་འཚོང་གི་མེད། རྗེས་སུ་ངས་གྲོང་མི་ཚོ་ཁྲིད་ནས་ཉེ་འགྲམ་གྱི་རྒྱ་མདའ་རྫོང་དང་ཕད་གྲོང་སོགས་སུ་སློབ་སྦྱོང་བྱེད་དུ་སོང་ནས་གྲོང་མི་དེ་དག་གིས་ཤིང་ཏོག་ཅི་ལྟར་འཚོང་པ་དང་གཙང་སྦྲ་ཅི་ལྟར་བྱེད་པ་སློབ། སྔོན་ཆད་ཤིང་ཏོག་འཚོང་སར་ཆུ་འཐེན་མེད་པས། གྲོང་ཚོ་ནང་ནས་འཐེན་པའི་ཆུ་དགུན་ཁ་སླེབས་ཚེ་སྦུ་གུ་གས་འགྲོ་བ་རེད། རིམ་བཞིན་མཁྲེགས་ཆས་ལེགས་བཅོས་དང་གྲོང་མི་ཚོའི་ཤིང་ཏོག་འཚོང་བའི་ཉམས་མྱོང་ཕུན་སུམ་ཚོགས་པར་གྱུར་བས་གྲོང་མི་ཚོའི་འགྱུར་ལྡོག་ཀྱང་སྔར་ལས་ཆེ་བ་རེད”ཅེས་ལོ68ལོན་པའི་ཆབ་མདོ་སྒང་གྲོང་ཚོའི་སྔོན་ཆད་ཀྱི་གྲོང་ཨུའི་ཀྲུའུ་རེན་སྤེན་པ་ཡིས་དེ་ལྟར་བཤད།

ད་ལྟ། ཤིང་ཏོག་འཚོང་བ་ལ་བརྟེན་ནས། གྲོང་མི་ཚོས་རླངས་འཁོར་ཡང་སྐོར་ཐུབ་པར་གྱུར། ཆབ་མདོ་སྒང་གྲོང་ཚོའི་ཤིང་ཏོག་འཚོང་ས་གོ་རིམ་ལྡན་པ་དང་གཙང་མར་གྱུར་བ་མ་ཟད། བུད་མེད་ཚོས་རང་གི་མི་རིགས་ཁྱད་ཆོས་ལྡན་པའི་ལྭ་བ་གྱོན་ཡོད་པ་དང་སྤྱི་སྐད་ཀྱིས་ཡུལ་སྐོར་པ་དང་འབྲེལ་འདྲིས་ཀྱང་བྱེད་བཞིན་ཡོད།

ཚ་གོ་ཡིས་ཡུལ་སྐོར་པ་ཞིག་གལ་ཤིང་ཏོག་འཚོང་བཞིན་པའི་ཚུལ།

“ཤིང་ཏོག་འཚོང་ནས་གྲོང་མི་ཚོར་འགྱུར་བ་ཆེན་པོ་བྱུང་བ་ནི་བསམ་བློ་ཕྱོགས་ཡིན། གྲོང་མི་ཚོས་དེར་བརྟེན་ནས་ཡོང་འབབ་ཀྱང་འཕར་བ་རེད”ཅེས་ཆབ་མདོ་སྒང་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཨ་ཉི་ཡིས་དེ་ལྟར་བཤད།

རྡོ་རྗེ་ཡིས། མ་འོངས་པར་གྲོང་ཚོས་ཐོན་རྫས་རིགས་ཕུན་དུམ་ཚོགས་པར་གཏོང་བའི་འཆར་གཞི་ཡོད་པ་དང་། དཔེར་ན། ཤ་སྐམ་དང་འོ་མ་སོགས་ཀྱི་ཞིང་ཕྱུགས་ལས་ཐོན་རྫས་མང་དུ་གཏོང་ཞིང་། “ང་ཚོས་སྔར་ལས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ནས། གྲོང་མི་ཚོ་འབབ་འཕར་སྔར་ལས་མང་བར་གཏོང་བའི་རེ་བ་བཅངས་ཡོད”ཟེར།

མཐོ་སྒང་གི་ཁམ་བུའི་མེ་ཏོག་མཐོང་ཚེ། མི་རབས་ནས་མི་རབས་བར་དུ་ཆབ་མདོ་སྒང་གྲོང་ཚོར་འཚོ་སྡོད་བྱེད་པའི་མི་ཚོས་སྐྱེ་ཁམས་དམངས་ཕྱུག་གི་དཔྱིད་དུས་བསུ་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།