ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་གནས་དར་སྤེལ་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2023ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་གནས་དར་སྤེལ་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རིག་གནས་དམངས་ཕན་བྱ་འགུལ་ཐེངས་ཁྲི2.4ལྷག་སྤེལ་བ་དང་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.58ལ་སླེབས་ནས་དུས་མཉམ་ལས111.68%འཕར་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། 2023ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དུས་རབས་གསར་བའི་རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་འཁུར་ནས་རིག་གནས་དམངས་ཕན་དང་རིག་གནས་མཐའ་མཚམས་སུ་བསྐྱལ་བ། ཕུལ་བྱུང་རིག་གནས་ཐོན་རྫས་གྲོང་གསེབ་དུ་མཁོ་སྤྲོད་སོགས་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་པ་དང་། རིག་གནས་ཁྱིམ་ཚང་ཁྲིར་བསྐྱལ་བདང“དཔེ་ཆ་བའི་ཇོ་མོ་གླང་མ་དང་དམངས་ཡོངས་ཀྱི་དཔེ་ཀློག”སོགས་ཚོང་རྟགས་རིག་གནས་བྱ་འགུལ་སྒྲིག་འཛུགས་གང་ལེགས་བྱས་ནས། ལོ་ཧྲིལ་བོར་གྲོང་གསེབ་རིག་གནས་བྱ་འགུལ་ཐེངས8000ལྷག་སྤེལ་བ་དང་ཞིང་སྡེའི་གློག་བརྙན་སྟོན་པའི་ཚད100%ལ་སླེབས་ཡོད། གཞིས་ཀ་རྩེའི་དངོས་མང་བཤམས་སྟོན་ཁང་དུས་ལྟར་སྒོ་ཕྱེས་པ་དང་གསར་དུ་སྐྲུན་པའི་གྲོང་ཁྱེར་གྱི་སྤྱི་བའི་རིག་གནས་བར་སྟོང་ཐོག་མ་སྟེ“མུ་ཏིག་མཚེའུ་གྲོང་ཁྱེར་དཔེ་ཁང”བསྐྲུན་པ། རིག་གནས་དམངས་ཕན་བྱ་འགུལ་ལག་བསྟར་གཏིང་ཟབ་བྱས་པ། རིག་གནས་གསར་གཏོད་ཐོན་རྫས་ཚོང་རྟགས་སྣ་མང་བཏོན་པ་མ་ཟད་ཚོང་རྟགས་ཐོ་འགོད་བྱས་ནས་བདག་དབང་དང་འགྱུར་སྐྱེའི་ཐོན་རྫས་རིགས16མངོན་འགྱུར་བྱུང་བ་དང་། “བཀྲ་ཤིས་པའི་གཞིས་ཀ་རྩེ”ཡི་བདག་དབང་ཐོ་འགོད་མངོན་འགྱུར་བྱུང་བ་སོགས་བྱ་འགུལ་སྣ་མང་སྤེལ་བས། རིག་གནས་ཐོན་ལས་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

རིག་རྩལ་སྤུས་ལེགས་བརྩམས་ཆོས་གསར་གཏོད་ཐད། 《ཇོ་མོ་གླང་མ》སོགས་ཕུལ་བྱུང་རྩོམ་རིག་དང་རིག་རྩལ་བརྩམས་ཆོས300ལྷག་གསར་རྩོམ་བྱས་པ་དང་། “ཇོ་མོ་གླང་མར་ལྷན་འཛོམས། མི་སྟོང་གི་རྒྱུད་དབྱངས”ཞེས་གཞི་ཁྱོན་ཆེ་ཤོས་ཀྱི་གཞིས་ཀ་རྩེའི་གཟུགས་འདས་རིག་གནས་ཤུལ་བཞག་ཞབས་བྲོ་འཁྲབ་སྟོན“འཛམ་གླིང་ཟིན་ཐོར”བཀོད་ཡོད་པ། 《ནས་ཀྱི་བུ་མོ》སོགས་གླུ་གཞས3ལ་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི“ལྔ་ཅན་གཅིག་ལས་གཞིའི”བྱ་དགའ་ཐོབ་པ་བཅས་སོ། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།