ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་གྱིས་མཐོ་སྒང་ལྗང་སྒྱུར་གཏོང་བར་རམ་འདེགས་བྱས་ནས་བོད་ལྗོངས་ལ་གསོན་ཤུགས་གསར་བ་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནས་བཟུང་། བོད་ལྗོངས་ཀྱིས་ལྷ་སའི་ལྷོ་བྱང་རིང་ལྗང་སྒྱུར་རྣམ་གྲངས་ལག་བསྟར་བྱས་ནས། ལོ10བེད་སྤྱད་དེ་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི206.72ལེགས་འགྲུབ་ཟིན་པ་དང་། ལྷ་ས་གྲོང་ཁྱེར་དེ་རི་སྔོ་ཡིས་ལྷོ་བྱང་བསྐོར་བ་དང་ཆུ་དྭངས་མོས་གནའ་གྲོང་བསྐོར་བའི་སྐྱེ་ཁམས་སྡོད་ལ་འཚམ་པའི་མཐོ་སྒང་ཞིང་ཆེན་གྲོང་ཁྱེར་དུ་བསྐྲུན་རྒྱུ་རེད།

2024ལོར། བོད་ལྗོངས་ཀྱི་ལྷ་སའི་ལྷོ་བྱང་རི་རུ་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི45ཡན་ཟིན་རྩིས་ཡོད་པ་དང་། སྔོན་ཆད་མི་དང་རྟ་ཡིས་སྡོང་ཕྲན་སྐྱེལ་པ་དང་བསྡུར་ན་ད་ལྟ་མི་མེད་གནམ་གྲུ་སོགས་ཀྱི་ཚན་རྩལ་ལ་བརྟེན་པས་རི་མཐོན་པོ་དང་ཐུར་གཟར། ཆུ་དཀོན་སའི་མཐོ་སྒང་དུ་སྡོང་བོ་འཛུགས་པ་དེ་འདྲ་དཀའ་མོ་ཞིག་མིན།

ལྷ་སའི་ལྷོ་བྱང་རིའི་སྡོང་འཛུགས་ནགས་སྐྲུན་ཁྱབ་ཁོངས་ཕལ་ཆེར་སྨི3600ནས4100བར་དུ་གནས་ཤིང་། མཐོ་གནོན་གློག་སྐུད་སོགས་ཀྱི་མི་མེད་གནམ་གྲུ་འཕུར་མི་ཐུབ་པའི་ཁྱབ་ཁོངས་མ་གཏོགས་པར་ཁྱབ་ཁོངས་གཞན་དུ་གནམ་གྲུ་བེད་སྤྱད་དེ་སྡོང་འཛུགས་ནགས་སྐྲུན་བྱེད་ཐུབ། སྐྱེལ་འདྲེན་གནད་དོན་ཐག་བཅད་ནའང་། མཐོ་སྒང་དུ་སྡོང་པོར་ཆུ་གཏོང་རྒྱུ་དེའང་གནད་དོན་ཞིག་ཏུ་གྱུར་ཡོད།

2023ལོར། བོད་རང་སྐྱོང་ལྗོངས་ཀྱིས་ལྷོ་བྱང་རི་རུ་རང་འགུལ་ཅན་གྱི་རིག་ནུས་ཆུ་མཁོ་འདོན་གྱི་མ་ལག་བཙུགས་པས། ཆུ་འདོན་ཁྱབ་ཁོངས་ལྷ་བྱང་རིའི་ལྗང་སྒྱུར་རྣམ་གྲངས་ཀྱི་ས་ཁུལ་ཚང་མར་ཁྱབ་ཡོད།

ས་བབ་མཐོ་སར་སྡོང་པོ་འཛུགས་དགོས་ན། སྡོང་པོ་རིགས་གང་ཞིག་གདམ་རྒྱུ་ཡང་དཀའ་གནད་ཅིག་ཏུ་གྱུར་ཡོད། ས་གནས་སྡོང་ཕྲན་གྱི་གྲངས་འབོར་གྱིས་ལྗང་སྒྱུར་རྣམ་གྲངས་ཀྱི་དགོས་མཁོ་བསྟུན་མི་ཐུབ་པས། ཤིང་སྡོང་གསོན་ཚད་མཐོ་རུ་གཏོང་ཆེད། ས་ཆ་གཞན་ནས་ནང་འདྲེན་བྱས་པའི་སྡོང་ཕྲན་རེ་འདུན་ལྟར་ལྷ་ས་ནས་ལོ་ཕྱེད་ཀ་རིང་ལ་གནམ་གཤིས་ལ་སོགས་དང་མཐུན་ཚེ་ད་གཟོད་འདེབས་འཛུགས་བྱས་ཆོག

2023ལོའི་ལོ་མཇུག་བར་དུ་ལྷ་སའི་ལྷོ་བྱང་རིང་ལྗང་སྒྱུར་རྣམ་གྲངས་ཀྱིས་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི38ལེགས་འགྲུབ་ཟིན་པ་རེད།

སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། མིག་སྔར། བོད་ལྗོངས་ཀྱི་ནགས་ཚལ་ཁྱབ་ཚད12.31%མཐོ་རུ་ཕྱིན་པ་དང་། རྩ་ཆེན་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་བ། གཙོད་ཁྱུའི་གྲངས་འབོར་དུས་རབས་སྔོན་མའི་ཆེས་དམའ་བའི་དུས་ཀྱི་གྲངས་ཀ་ཁྲི7ནས་ཁྲི30ལྷག་ཟིན་པ། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གྲངས་ཀ་དུས་རབས་སྔོན་མའི2000ནས་ཁྲི1ལ་ཟིན་ཡོད།

བོད་ལྗོངས་ཀྱི་མུ་མཐུད་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་ནས། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མཐོ་བའི་སྲུང་སྐྱོང་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་པར་སྐུལ་འདེད་བྱས་ནས། མི་རང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རབ་མཛེས་བོད་ལྗོངས་བསྐྲུན་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།