ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་མཐོ་སྒང་གི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེ་ཤོས་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཐོག་ཏུ་ཡོད། 2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། སྐོར་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་། “དོན་ཆེན་བཞིར”དམིགས་པ་དང“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞིར”ཤུགས་སྣོན། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་འཛིན་པ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ནགས་དཔོན་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་མགྱོགས་མྱུར་བཏོད་པ། ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་བཏང་བ།

2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་པའི་དུས་རབས་གྱི་འགན་ཁུར་ལྗིད་པོ་ཕྲག་ཏུ་འཁུར་ནས། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་འགྲམ་རྒྱུད་དང་གཙང་འགྲམ་གྱི་འཐབ་ས་དང་པོ་གཙོར་བྱས་ཏེ།གཅིག་སྡུད་ཡུག་འབྲེལ་མ་ལག་ཅན་གྱི་བཅོས་སྐྱོང་དང་གཞི་ཁྱོན་ཅན་གྱི་ནགས་སྐྲུན་རྩྭ་འདེབས་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་སྐུལ་འདེད་བཏང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་བ། ལོ་ཧྲིལ་བོར་བསྡོམས་པས་རིགས་ཁག་གི་བཟོ་སྐྲུན་ནགས་མུའུ་ཁྲི35.09ལེགས་པར་འགྲུབ་པ་དང་། དེའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྲིད་གཞུང་འཆར་འགོད་དམིགས་ཚད་ཀྱི100.3%བཟུང་ཡོད་པ་དང་། ནགས་ཚལ་ཁེབས་ཚད9.2%ཟིན་པ། རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་གི་རྒྱ་ཁྱོན་མུའུ་ཁྲི124.5ཟིན་ནས་ལོ་འཁོར་ལས་འགན་གྱི100%ལེགས་པར་འགྲུབ་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་པའི་ཚད52.98%ལ་སླེབས་པ། མ་དངུལ་སྒོར་ཁྲི5014.34བཏང་ནས2024ལོའི་བཀྲ་ཤིས་ལྷུན་པོ་དགོན་གྱི་རྒྱབ་རིའི་ནགས་སྐྲུན་ལྗང་སྒྱུར་གྱི་རྣམ་གྲངས་རྒྱལ་ཁའི་ངང་རེ་ཞུ་བྱས་ཏེ། གཞིས་ཀ་རྩེའི་རྒྱལ་ཁོངས་སྔར་ལས་ལྗང་འགྱུར་དང་སྐྱེ་ཁམས་སྔར་ལས་ཇེ་ལེགས། གྲོང་གསེབ་ཁོར་ཡུག་སྔར་ལས་མཛེས་པར་བྱས་ཡོད།

2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་ལ། གྲོང་ཁྱེར་རིམ་པའི་ནགས་དཔོན་གཞོན་པའི་ས་ཁོངས་ཀྱི་འགན་གཙང་ལེན་བྱ་བ་ལེགས་སྒྲིག་དང་ཆ་ཚང་བའི་ལམ་ལུགས8འཐུས་ཚང་དུ་བཏང་སྟེ།“ནགས་དཔོན+ཞིབ་དཔྱོད་དཔོན+ཉེན་རྟོག་པའི་མགོ་དཔོན”གྱི་མཉམ་ལས་ལམ་སྲོལ་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཀྱི་བྱ་བའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་ལམ་ལུགས་བཙུགས་ཡོད།

གཞན་ཡང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གཙོ་གནད་ནགས་སྐྲུན་ས་ཁོངས་ཀྱི་བདག་སྐྱོང་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་། འབྲེལ་ཡོད་ཀྱི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་ཏེ་འགན་འཁྲིའི་ལས་ཁུངས་དང་བདག་སྐྱོང་འགན་འཁྲི། ལེགས་འགྲུབ་དུས་ཚད་སོགས་ནང་དོན་གསལ་བོར་བྱས་ནས། ལས་དོན་ཁག་དམ་འཛིན་བྱེད་པར་འགན་ལེན་ཏན་ཏིག་བྱས། མིག་སྔར། གཞིས་ཀ་རྩེ་གྲོང་ཁྱེར་དུ་ནགས་དཔོན8432ཡོད་ཅིང་། དེའི་ཁྲོད་གྲོང་ཁྱེར་རིམ་པའི49དང་རྫོང་རིམ་པའི486། ཤང་རིམ་པའི1855། གྲོང་ཚོ་རིམ་པའི6042བཅས་ཡོད།

དོ་དམ་དང་བདག་སྐྱོང་དུས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་བདེ་འཇགས་ལ་འགན་སྲུང་བྱས་པ།

2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་བརླན་སའི་སྲུང་སྐྱོང་ཉམས་གསོའི་ལས་དོན་ཤུགས་ཆེན་སྤེལ་ཤིང་། མ་དངུལ་སྒོར་ཁྲི4606བཏང་ནས་མདོ་ཆེན་མཚོ་དང་བཀྲ་རི་གནམ་མཚོ་སོགས་བརླན་ས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས6ལག་བསྟར་བྱས་ནས། ལོ་འཁོར་གྱི་སྲུང་སྐྱོང་ཉམས་གསོའི་བྱ་བའི་དམིགས་ཚད་ལས་འགན་ལེགས་པོར་འགྲུབ་པ། ཟླ2པའི་ཚེས2ཉིན་གྱི་འཚམ་གླིང་བརླན་སའི་དྲིལ་སྒྲོག་ཉིན་མོར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནགས་ཚལ་རྩྭ་ཐང་དང་། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དམངས་ཡོངས་བརླན་སའི་སྲུང་སྐྱོབ་ནང་ཞུགས་པའི་རྣམ་པ་བསྐྲུན་པ། བརླན་སའི་སྐོར་ཞིབ་ཁྲིམས་འཛིན་བྱ་འགུལ་སྤེལ་ཏེ་བརླན་ས་བདག་བཟུང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ། གྲོང་འདབས་ཀྱི་བརླན་སའི་ཐོན་ཁུངས་ཞིབ་བཤེར་ཡོངས་བཤེར་ལས་དོན་སྤེལ་ནས་བརླན་སའི་སྲུང་སྐྱོབ་ཉམས་གསོའི་འཆར་འགོད་བཟོས་པ།

དེ་དང་ཆབས་ཅིག གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་ནགས་ཚལ་དང་རྩྭ་ཐང་གི་ས་ཆ་སྤྱོད་པའི་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་བསྣན་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ནགས་ཚལ་དང་རྩྭ་ཐང་ལ་འབྲེལ་བ་ཡོད་པའི་ས་ཆའི་རྩིས་ཐོ་བཟོས་ཏེ། བར་རྩེ་ཆུ་བེད་ལྟེ་བ་དང་བསམ་གྲུབ་རྩེ་ཆུས་སོགས་གྲོང་ཁུལ12གྱི་ས་ཞིང་བཀོལ་སྤྱོད་དང་། གཞིས་ཀ་རྩེའི་ལས་རིགས་ལག་རྩལ་སློབ་གྲྭ་སོགས་གྲོང་ཁྱེར་གཙོ་གནད་རྣམ་གྲངས་ཀྱི་ས་བཀོལ་སྤྱོད་བཅས་ལ་སྔོན་དུ་འགན་སྲུང་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་རྩའི་རྩྭ་ཐང་གི་གྲུབ་འབྲས་ལེགས་སྒྲིག་ལས་དོན་སྤེལ་བ། ནགས་ས335དང་རྒྱ་ཁྱོན་སྤྱི་ཆིངས395.73བཅས་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། རྩྭ་ས1526དང་རྒྱ་ཁྱོན་སྤྱི་ཆིངས1426.35ལ་ཞིབ་བཤེར་ཆོག་མཆན་ཐོབ་པ། རྩྭ་ས་ཞིབ་བཤེར་ཆོག་མཆན་ཐོབ་པའི་གྲངས་འབོར་ལོ་སྔོན་མ་གསུམ་གྱི་བསྡོམས་གྲངས་ལས་མཐོ་བ་རེད།

གཞན་ཡང་། གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ཏན་ཏིག་སྤེལ་ནས། 2023ལོའི་དཔྱིད་དགུན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་དམིགས་ཚད་ལ་དམིགས་ནས་ཇུས་འགོད་དང་སྔོན་ཇུས་ཞིབ་ཚགས་སུ་བཏང་བ་དང་། མེའི་འབྱུང་ཁུངས་འགག་སྡོམ་དང་མི་མངོན་པའི་ཉེན་ཁ་གྲལ་བཤེར་ལེགས་སྒྲིག དངོས་ཟོག་གསོག་འཇོག་དོ་དམ་སོགས་བྱ་བར་སྐུལ་འདེད་བཏང་བ། གཙོ་གནད་ས་ཁོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལྟ་སྐུལ་ཞིབ་བཤེར་དང་མེ་སྐྱོན་གྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་ལེགས་སྒྲིག་སོགས་བྱ་འགུལ་སྤེལ་ཏེ། ལོ་སྟོད་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱིད་གྲོང་གི་རྒྱལ་ཁོངས་ཕྱིའི་མེ་སྐྱོན་ཐག་གཅོད་གང་ལེགས་བྱས་པ།

ལྟ་སྐུལ་དོ་དམ་ནུས་པ་ཇེ་མཐོར་བཏང་ནས་ལེགས་པའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པ།

མིག་སྔར། གཞིས་ཀ་རྩེ་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ2དང་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང3། བརླན་སའི་རང་བྱུང་སྲུང་སྐྱོབ་ཁུལ3། རང་སྐྱོང་ལྗོངས་རིམ་པའི་ས་གཤིས་རྗེས་ཤུལ་རང་བྱུང་རང་སྐྱོང་ཁུལ2བཅས་ཡོད་ལ། བསྡོམས་པས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.71བཟུང་ཡོད།

2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་འཇགས་བརྟན་སྲུང་ལ་རྐང་ཚུགས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལེགས་སྒྲིག་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱ་བར་མགྱོགས་མྱུར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒྲིག་བཀོད118འཛུགས་སྐྲུན་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚན་རིག་རྟོག་ཞིབ28བདག་སྤྲོད་བྱས་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།

གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡིས《གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡི་སྤྱི་ཕན་ནགས་བདག་སྐྱོང་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་གཞིར་བཟུང་། ཁ་གསབ་མ་དངུལ་སྒོར་ཁྲི7844སྤྲད་པ་རེད། སྐྱེ་ཁམས་ལས་གནས་ཀྱི་ནགས་ཚལ་བདག་སྐྱོང་མཁན་ཁྲི2.2ཞིབ་དཔྱད་བྱས་པ་དང་དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་ཚད་ལྡན་དུ་བཏང་བ། 2023ལོ་ནས་བཟུང་བཟོ་བཀོད་ནགས་ཀྱི་རྣམ་གྲངས་ས་ཁོངས་སུ་རོང་འབྲོག་མང་ཚོགས་མི་ཐེངས་ཁྲི14.58གླས་ནས་འབབ་འཕར་སྒོར་ཁྲི4014.14ཟིན་པ། འཕྲུལ་ཆས259གླས་ནས་འབབ་འཕར་སྒོར་ཁྲི488.07ཟིན་པ། སྡོང་ཕྲུག་རྐང་ཁྲི855.97ཕྱིར་ཚོང་བྱས་ནས་འབབ་འཕར་སྒོར་ཁྲི1808.5ཟིན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བར་ནགས་ཚལ་དང་རྩྭ་ཐང་གི་སྟོབས་ཤུགས་ཕུལ་ཡོད།

གཞིས་ཀ་རྩེ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡི་འགན་ཁུར་བས། རྗེས་མར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ཏན་ཏིག་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་།“བྱེད་ཕོད་པ་བཞིའི”བླང་བྱ་ལག་ལེན་ཤུགས་རྐྱེན་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། ནགས་དཔོན་ལམ་ལུགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ཐོན་ཁུངས་དོ་དམ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པར་ནགས་ཚལ་དང་རྩྭ་ཐང་གི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།