ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཉི་མ་ཡིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བདེ་ཐང་བོད་ལྗོངས་བསྐྲུན་པར་བློ་རིག་དང་སྟོབས་ཤུགས་ཕུལ་ཡོད་ཅེས་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་མི་དམས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཉི་མ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ང་རང་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོ་ནས་ཡོང་བ་ཡིན་པས། ཉེ་བའི་ལོ་འགའི་རིང་གི་བོད་ལྗོངས་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མཐོར་འདེགས་དང་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ལེགས་བཅོས་སོགས་ཀྱི་ཐད་རང་ཉིད་ཀྱི་ཤེས་ཚོར་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་ཡིས་བཤད།

“འདི་སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱི་ལེགས་ཆ་ནུས་ལྡན་འདོན་སྤེལ་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད”ཅེས་ཉི་མས་བཤད། 2015ལོར། རྒྱལ་ཁབ་ཀྱིས་བོད་སྐྱོར་ལས་དོན་སྤེལ་ནས་ལོ་འཁོར15ལོན་པའི་སྐབས་སུ། སྨན་བཅོས་ཁྱབ་ཁོངས་སུ་མིང་ཚིག་གསར་བ་ཞིག་བྱུང་བ་སྟེ། དེ་ནི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཞེས་པ་དེ་རེད། པེ་ཅིན་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་འཛུགས་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། 2015ལོའི་ཟླ8པར་མགོ་ཚུགས་ནས་པེ་ཅིན་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་ཁང22ཀྱི་སྐོར་ཐེངས9ཡི་ཆེད་མཁས་པ152མངག་གཏོང་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ་དང་དེ་དག་དོ་དམ་དང་ནད་ཐོག་སྨན་བཅོས་སོགས་ལས་གནས་ལ་འབྲེལ་བ་ཡོད།

ཉི་མ་ཡིས་སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། རོགས་སྐྱོར་སྟོབས་ཤུགས་སྔར་ལས་ཆེ་བ་དང་རིགས་གཞུང་ཚན་ཁག་གི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་རུ་ཕྱིན་ཡོད་པས། སྨན་ཁང་གི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པར་རོགས་རམ་བྱས་ཡོད་པ་མ་ཟད། ད་དུང་སྨན་ཁང་གི་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་ཀྱང་མཐོར་འདེགས་སུ་ཕྱིན་ཡོད་ཅེས་བསྟན།

གཞི་གྲངས་རེ་རེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པའི་འཁྱོག་ཐིག་རགས་བྲིས་བྱས་ཡོད། 2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ལག་བསྟར་མ་བྱས་གོང་དང་བསྡུར་ན། ཉལ་ཁྲི240ནས550བར་ཇེ་མང་དུ་ཕྱིན་ནས་དུས་མཉམ་ལས137.5%འཕར་ཡོད། ལོ་འཁོར་གྱི་སྒོ་བསྟེན་དང་མྱུར་སྐྱོབ་ཀྱི་གྲངས་ཚད་མི་ཐེངས་ཁྲི31.85ལ་སླེབས་ནས་དུས་མཉམ་ལས163.94%འཕར་བ། ལོ་འཁོར་གྱི་ཞག་སྡོད་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི1.66ལྷག་ཟིན་ནས་དུས་མཉམ་ལས48.97%འཕར་བ། གཤགས་བཅོས་བྱེད་ཚད5890ལ་སླེབས་ནས108.61%ཇེ་མང་དུ་ཕྱིན་ཡོད།

སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ལག་བསྟར་མ་བྱས་གོང་། ང་ཚོར་ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག བྱིས་པའི་ཚན་ཁག མོ་ནད་དང་སྦྲུམ་མའི་ཚན་ཁག་སོགས་རྨང་གཞིའི་ནད་ཐོག་སྨན་བཅོས་ཚན་ཁག་མ་གཏོགས་མེད་ལ། སྨན་པའང་ཡན་ལག་ཆེད་ལས་ཚན་ཆུང་ལྟར་དབྱེ་འབྱེད་བྱས་མེད“ད་ལྟ་ང་ཚོས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་འཇུ་བྱེད་མ་ལག་ཀྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རྟེན་གཞི། རྒྱལ་ཁབ་ཀྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས། ལྷ་ས་ས་ཁུལ་གྱི་མཉམ་ལས་ལྟེ་གནས་བཅས་བཙུགས་ཡོད་ལ། ད་དུང་མོ་ནད་དང་སྦྲུམ་མའི་ཚན་ཁག་དང་། བྱིས་ནད་ཚན་ཁག འཇུ་བྱེད་ནང་ནད་ཚན་ཁག སྙིང་ཁམས་ཁྲག་རྩའི་ནང་ནད་ཚན་ཁག རུས་ནད་ཚན་ཁག དབུགས་ལམ་སྡེ་ཁོངས་ཀྱི་ནད། ནད་གཞི་ཚབས་ཆེན་གྱི་གསོ་རིག་ཚན་ཁག་སོགས་མཐོ་སྒང་གི་ཁྱད་ཆོས་དང་མང་ཚོགས་ཀྱི་སྨན་བསྟེན་དགོས་མཁོར་འཚམ་པའི་ཁྱད་ལྡན་ཚན་ཁག10ལྷག་གཙོ་གནད་བསྐྲུན་ཡོདཅེས་ཉི་མ་ཡིས་གསར་འགོད་པར་བཤད། 

དེ་དང་ཆབས་ཅིག བོད་སྐྱོར་སྨན་བཅོས་ཀྱི་ཆེད་མཁས་པའི་སྣེ་ཁྲིད་འོག ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྔ་རྗེས་སུ་ལག་རྩལ་གསར་བ་དང་ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བ་དང་རྩད་ཆོད་དཀའ་བའི་གཤགས་བཅོས270ལྷག་སྤེལ་བ་དང་། སྨན་ཁང་གི་ཚན་རིག་ཞིབ་འཇུག་རྣམ་གྲངས“ལོ་འགའི་ནང་རྣམ་གྲངས་གཅིག་གི་ལས་ཁག་འཛུགས་པ”ནས“ལོ་གཅིག་ནང་རྣམ་གྲངས་མང་པོའི་ལས་ཁག་འཛུགས་པའི”བར་འཕོ་འགྱུར་བྱུང་ནས། 2015ལོ་ནས་བཟུང་རང་སྐྱོང་ལྗོངས་ཁོ་ནར་གཙོ་གནད་ཞིབ་འཇུག་བྱ་གཞི་སོགས་རྣམ་གྲངས80ལྷག་ལ་ལས་ཁག་འཛུགས་པའི་ཆོག་མཆན་ཐོབ་ཡོད།

སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་སྐོར་གྱི་གཏམ་རྒྱུད་བརྗོད་ཀྱིས་མི་ལང་བ་ཞིག་རེད།

ཉི་མས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བྱ་བ་གཉེར་ནས་ལོ31འགོར་ཡོད་ལ། ཁོ་མོས་བལྟས་ན་བྱ་བར་ཞུགས་མ་ཐག་པའི་སྐབས་དང་བསྡུར་ན། བོད་ལྗོངས་ཀྱི་སྨན་བཅོས་ཆ་རྐྱེན་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 

“སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་བྱ་བ་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་རེ་སྒུག་དང་མཐུན་པ་རེད““ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། བོད་ལྗོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྱང་སྔར་ལས་སྤུས་ལེགས་དང་སྟབས་བདེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་ངེས”ཞེས་ཉི་མ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།