ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་འབྲེལ་ཡོད་སྙན་ཞུ་དང་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཚོགས་རའི་ཡུལ་དངོས་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན། བོད་ལྗོངས་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་གྲོས་ཞིབ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ། ལོ་འཁོར་འཆར་གཞི། ལོ་འཁོར་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས། 

བོད་ལྗོངས་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། བོད་ལྗོངས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའམ་རང་སྐྱོང་ལྗོངས་ཏང་ཨུའི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་གྲོས་ཞིབ་བྱེད་སྐབས། འཐུས་མི་ལིན་རུའེ་དང་ཝང་ཡུང་ཞང་། དཔའ་ཐར། ཉི་མ། ནོར་ཆུང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ། ཚང་མས་སྙན་ཞུའི་མགོ་མཇུག་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྱབ་ཡོད་ལ། བྱ་བ་སྤྱི་བསྡོམས་དངོས་ཐོག་བདེན་འཚོལ་དང་གནད་དོན་དབྱེ་ཞིབ་དོན་དངོས་དང་མཐུན་ཞིང་ཞིབ་ཚགས་ཡིན་པ། ལས་འགན་བཀོད་སྒྲིག་གནད་འཁེལ་ཞིང་ནུས་པ་ལྡན་པ་ཞིག་ཡིན་པས། རྒྱལ་ཡོངས་གོང་འོག་ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འབད་འབུངས་ལྷོད་མེད་བྱེད་པར་སྐུལ་མ་གཏོང་ངེས་ཡིན་ཞེས་བཤད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།