ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་འགོ24བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན། གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་གཞི་ཚན་ཆུང་ནས་ཤེས་གསལ་བྱུང་བ་ལྟར་ན། ཚོགས་འདུའི་རིང་བོད་ལྗོངས་འཐུས་ཚབ་ཚོགས་པས་ཚོགས་ཆེན་ལ་གྲོས་འགོ24བཏོན།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་བོད་ལྗོངས་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་ཞུ་སྔར་བས་ལེགས་པོ་སྒྲུབ་པ་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ལ་དམིགས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་སྔར་བས་འབུར་དུ་ཐོན་པའི་གྲོས་འགོ་བཏོན་ཡོད་ལ། སྤུས་ཚད་ཐད་མཐོར་འདེགས་གསར་བ་བྱུང་ནས“འཕར་བ་གཉིས་དང་བརྟན་པོ་གཅིག”གི་ཁྱད་ཆོས་མངོན་ཡོད་དེ། གཅིག་ནི་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོས་འགོ་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་པ་དང་། འཐུས་མི་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་འཕེལ་རྒྱས་སོགས་ཀྱི་བྱ་བར་སྔར་ལས་དོ་ཁུར་བྱེད་ཀྱིན་ཡོད། གཉིས་ནི་དམངས་འཚོ་ལེགས་བཅོས་རིགས་ཀྱི་གྲོས་འགོ་མངོན་གསལ་ཇེ་མང་དུ་ཕྱིན་ཡོད་ལ། གཙོ་བོ་སྨན་བཅོས་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད། གསུམ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གྲོས་འགོ་སྔར་བཞིན་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་བསྡུར་ཚད་ངེས་ཅན་ཞིག་བཟུང་ཡོད།

“ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཕན་དམངས་ཕན་གྱི་སྲིད་ཇུས་སྔར་ལས་མང་པོ་བཏོན་ནས་རོང་འབྲོག་པའི་རྒྱུན་མཐུད་འབབ་འཕར་དང་རོང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ”དང“བོད་ལྗོངས་ཀྱི་ཚོང་རྟགས་ཇེ་ལེགས་ཇེ་རྒྱས་སུ་བཏང་ནས་བོད་ལྗོངས་ཀྱི་ཡང་བའི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་རྩེར་སོན་དང་མཐོ་གསར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་སྐྱོད་པར་སྐུལ་འདེད་གཏོང་བ”སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་དང་མང་ཚོགས་ཀྱི་གནས་ཚུལ་རྟོག་ཞིབ་བྱས་པའི་གྲོས་འགོ་རེ་རེས་འཐུས་མིའི་ལངས་གནས་མཐོ་བའི་སྒོ་ནས་ལྟེ་བའི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་ཆུ་ཚད་མཐོ་བའི་སྒོ་ནས་ཁྲིམས་ལྟར་འགན་སྒྲུབ་ཀྱི་འགན་འཁྲིའི་འདུ་ཤེས་དང་འགན་འཁྲིའི་ཐེག་ཁུར་གསལ་བོར་མཚོན་ཡོད།

“ད་ལོའི་གྲོས་འགོ་དག་གི་ལངས་གནས་མཐོ་བ་དང་སྤུས་ཚད་ལེགས་པ། དོན་ཐོག་ཏུ་འཁྱོལ་བ། ནང་དོན་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ། ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་མཐུན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དམངས་ཀྱི་འདོད་བློ་བཅས་མཚོན་ཡོད”བོད་ལྗོངས་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཁྲུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འཐུས་མི་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་སྤྱི་ཡོངས་དང“དམངས་འཚོའི་དོན་ཆུང”ལ་དམ་པོར་དམིགས་ནས། ཚོགས་འདུའི་སྔོན་དུ་རྟོག་ཞིབ་ནན་ཏན་དང་གྲ་སྒྲིག་ལེགས་པོ་བྱས་ཤིང་། ཚོགས་ཆེན་གྱི་སྐབས་སུ་ལས་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། མཐོ་སྒང་གི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་བའི་དེང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་གསར་བ་དང་འགྱུར་ལྡོག་གསར་བ་གང་ལེགས་མངོན་ཡོད། 

“རྗེས་མར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་རོགས་འདེགས་བྱས་ཏེ། གྲོས་གཞི་དང་གྲོས་འགོའི་རྗེས་འདེད་སྒྲུབ་གཉེར་བྱ་བ་ལེགས་པོར་སྒྲུབ་པ་དང་། འཐུས་མིའི་གྲོས་གཞི་དང་གྲོས་འགོའི་བྱེད་ནུས་འདོན་སྤེལ་ལ་སྐུལ་འདེད་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས”ཞེས་ལས་དོན་མི་སྣས་ངོ་སྤྲོད་བྱས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།