ཀྲུང་གོ་བོད་ཀྱི་དྲ་བ།

ནོར་བུ་གཡང་འཛོམས་ཀྱིས་འཐུས་མིའི་ནུས་པ་བཏོན་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།


རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ནོར་བུ་གཡང་འཛོམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མེ་ཏོག་རྫོང་ནི་བོད་ལྗོངས་མཐའ་མཚམས་སུ་ཆགས་པའི་རྫོང་ཞིག་ཡིན་པ་མ་ཟད། འཛམ་གླིང་ཡང་རྩེའི་གྲོང་རོང་དམའ་ས་དང་མདོ་དབུས་མཐོ་སྒང་གི“དབྱང་མཛོད”ཡིན།

གནས་དེ་ཡང་མོན་པ་རིགས་དང་ལྷོ་པ་རིགས་འཚོ་སྡོད་བྱེད་ས་ཡིན། ཉེ་བའི་ལོ་ཤས་རིང་ལ་བོད་ལྗོངས་ཀྱིས་གཏིང་ཟབ་པའི་ངང་མཐའ་བརྟན་མཐའ་དར་དམངས་ཕྱུག་འགུལ་བསྐྱོད་སྤེལ་བས་ཤུགས་ཆེན་པོའི་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ཐུན་མོང་མ་ཡིན་པའི་རྣམ་པ་གསར་བའི་སྡོད་ཁང་རབ་དང་རིམ་པ་བསྐྲུན་པ་རེད།

གཞི་རིམ་གྱི་དམངས་ཆེན་འཐུས་མི་ཡིན་པའི་ངོས་ནས། ནོར་བུ་གཡང་འཛོམས་ཀྱིས་བོད་ལྗོངས་ཀྱི་གནམ་ས་བླ་འོག་སྒྱུར་བའི་འགྱུར་ལྡོག་ཉམས་སུ་མྱངས་པ་དང་། ཁྲོན་བོད་ལྕགས་ལམ་ཧྲིལ་བོ་ལས་མགོ་ཚུགས་པ་དང་། ལྷ་ཉིང་ལྕགས་ལམ་དང་ལྷ་ཉིང་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་ཟིན་ནས་ཤར་གཏོང་བྱས་པ། “བསྐྱར་དར་རྟགས་ཅན”གྱི་སྒུལ་འཁོར་གངས་ལྗོངས་མཐོ་སྒང་ནས་ཤར་གཏོང་ཐུབ་པ། 5Gདྲ་རྒྱ་རྫོང་ཁུལ་དང་གྲོང་རྡལ་གཙོ་བོར་ཡོངས་སུ་ཁྱབ་པ། འོད་རྒྱུས་ཡངས་དྲ། རླུང་འཕྲིན་དང་བརྙན་འཕྲིན་གྱི་བརྡ་རྟགས་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་པ་རེད། 

2013ལོའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་ཏོག་རྫོང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པད་མ་ཆོས་སྒྲོན་ལ་ད་ལྟ་མེ་ཏོག་རྫོང་དུ་འགྲོ་བའི་གཞུང་ལམ་ཤར་གཏོང་ཐུབ་བམ་ཞེས་དྲིས་པ་རེད། “ད་ལྟ་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མེ་ཏོག་རྫོང་གི་ལམ་ཤར་གཏོང་བྱས་ནས་ལོ་ངོ་བཅུ་འགོར་བ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ45རུ་གཞུང་ལམ་ཤར་གཏོང་བྱས་པ་ཡིན”ཞེས་བཤད་འདོད་ཡོད་ཅེས་ནོར་བུ་གཡང་འཛོམས་ཀྱིས་དེ་ལྟར་བརྗོད།

ལོ་ངོ་བཅུ་ཡི་རིང་ལ། ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་གྲོང་རྡལ་བར་གྱི་གཞུང་ལམ་ཤར་གཏོང་བྱས་པ་མ་ཟད་ཕྱོགས་ཡོངས་ནས་ཨར་འདམ་ལམ་དུ་བཏང་བས། “བཞི་ལེགས”གྲོང་གསེབ་གཞུང་ལམ་སྒོ་ཁར་ཐོན་པ་དང་། རྒྱལ་ལམ219མྱུར་གྱིས་འཛུགས་སྐྲུན་བྱས་ནས་བདེ་འཇགས་བཏུང་ཆུ་ཕྱོགས་ཡོངས་ལ་ཁྱབ་པས་མེ་ཏོག་གྲོང་རྡལ་གྱིས་ཀྱང་གློག་དྲ་ཆེན་མོ་སྤྱོད་ཐུབ་པར་གྱུར། ད་ལྟ་ནོར་བུ་གཡང་འཛོམས་དང་ཡུལ་མི་ཚོའི་འཚོ་བ་ཡང་སྔར་ལས་སྐྱིད་པར་གྱུར།

ད་ལྟ། མེ་ཏོག་རྫོང་གིས་ཐོན་ཁུངས་ལེགས་ཆ་དང་ས་ཁུལ་ལེགས་ཆ་གཙོ་བོར་བཟུང་ནས། ཕྱོགས་ཡོངས་ནས་ཡུལ་སྐོར་དང་ཇ་ལོ། ནགས་བརྟེན་དཔལ་འབྱོར་སོགས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་། 2023ལོར་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི42.56སྣེ་ལེན་བྱས་ནས་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2.71ཟིན་པ་དང་། རོང་འབྲོག་མང་ཚོགས་འབབ་འཕར་སྒོར་ཁྲི1817.43མངོན་འགྱུར་བྱུང་།

གཞུང་ལམ་ཤར་གཏོང་བྱས་པ་དང་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པས། ནོར་བུ་གཡང་འཛོམས་ཀྱིས་བསམ་བློ་གཏོང་དགོས་པའི་ལས་དོན་ཡང་ཇེ་མང་དུ་ཕྱིན། མོས“མ་འོངས་པར། མོས་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མིག་དཔེ་སྣེ་ཁྲིད་ནུས་པ་སྤྱད་དེ་གྲོང་གསེབ་དར་སྤེལ་ཐད་རང་གི་བྱེད་ནུས་འདོན་དགོས་པ་མ་ཟད། ཡུལ་མི་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་དུ་གཏོང་དགོས”ཞེས་བརྗོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།