ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྟག་རྩེ་ཐང་ཆེན་དུ《ལྷོ་ཁ་གྲོང་ཁྱེར་གྱི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དྲིལ་སྒྲོག་བྱ་འགུལ་དངོས་སུ་སྤེལ་མགོ་ཚུགས།

ཡུལ་དངོས་སུ་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པའི་མགོ་ཚུགས་ཞབས་བྲོའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མགོ་ཚུགས་མཛད་སྒོ་དངོས་སུ་སྤེལ་བ་རེད། དེའི་རྗེས་སུ་གར་ཆུང《གྲོང་གསེབ་ཀྱི་གདངས་འགྱུར་རོལ་དབྱངས》དང་སྒོར་གཞས《དགའ་སྤྲོའི་གླུ་དབྱངས་ལེན》སོགས་ཡིད་དབང་འཕྲོག་པའི་ལེ་ཚན་རེས་སྐོར་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་པས་རྩེར་སོན་གྱི་འཁྲབ་རྩལ་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་དང་། མཛེས་ཤིང་འཚོ་སྡོད་ལ་འཚམ་པའི་འཆམ་མཐུན་གྲོང་གསེབ་འབད་པས་བསྐྲུན་པའི་གལ་ཆེའི་རང་བཞིན་རྒྱས་པར་བཀྲོལ་བས། ལྟད་མོ་བའི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད།


པར་འདི་ནི་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པས་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།


པར་འདི་ནི་དྲིལ་སྒྲོག་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་གྲོང་གསེབ་དར་སྤེལ་གྱི་ཆེད་དོན་ལས་བྱེད་པ་སྐལ་བཟང་རྡོ་རྗེས《སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དུས་ཐོག་ཏུ་འཁེལ་ཡོད་པས་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་དང་། མཛེས་ཤིང་འཚོ་སྡོད་ལ་འཚམ་པའི་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་དུས་ཐོག་ཏུ《སྲོལ་ཡིག》ནང་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱེད་པ་དང་། གྲོང་ཚོའི་ནང་མི་ཚང་མས་སེམས་ཁུར་དང་མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ཟབ་ཞུགས་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་དར་སྲོལ་ལེགས་པོ་ཆགས་པར་བྱས་ཏེ། འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་རྣམ་པ་གསར་བ་ཧུར་ཐག་བཏོད་པ་དང་དུས་རབས་གསར་བའི་ཞིང་སྡེ་གསར་བའི་ཉམས་འགྱུར་གསར་བ་མངོན་དགོས་ཞེས་བཤད། 


པར་འདི་ནི་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པས་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྐོར་གྱི་གར་ཆུང་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

2021ལོར་འཕྱོངས་རྒྱས་རྫོང་གིས་མ་དངུལ་སྒོར་ཁྲི1240བཏང་ནས་ཁྲང་དཀར་གྲོང་ཚོར་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་རྣམ་གྲངས་ལག་བསྟར་བྱས་ཤིང་། གྲོང་གསེབ་འགྲོ་ལམ་དང་གསང་སྤྱོད་གསར་བརྗེ། གད་སྙིགས་ཐག་གཅོད་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ཏེ། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། རྨང་གཞི་བརྟན་པོ་བཅས་སུ་བཏང་ནས་གྲོང་ཚོའི་གཙང་དག་འགུལ་སྐྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས།

འཕྱོངས་རྒྱས་རྫོང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་གཞུང་སྒྲུབ་ཁང་གི་འགན་འཁུར་བས། 2023ལོར་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོས‘དུས་རབས་གསར་བའི་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས’མ་དཔེའི་ཡུག་ཁུལ་གྱི་ཚོད་ལྟའི་ལས་དོན་གསར་གཏོད་བྱས་པ་དང་། གྲོང་ཚོ་ཡོངས་ཁྱིམ་དུད59ཡི་ཞིང་དུད་གསར་གཏོད་ལས་དོན་ནང་ཞུགས་ཡོད། ད་ལྟ་ཁྲང་དཀར་གྲོང་ཚོར་གཞི་རྩའི་ཆ་ནས་ཁྱམས་རར་ཨར་འདམ་ལམ་ཤར་གཏོང་དང་གསང་སྤྱོད་བསྒྱུར་བཀོད། འཁྲུད་ཁང་བཟོ་སྐྲུན། འཐུང་ཆུ་ཐབ་ཚང་དུ་སྦྲེལ་མཐུད་སོགས་མངོན་འགྱུར་བྱས་ནས། གྲོང་ཚོ་ཡོངས་ཀྱི་ཞིང་དུད་མི་དང་སྒོ་ཕྱུགས་མཉམ་སྡོད་ཀྱི་གནས་བབ་དང་ཕྱོགས་ཡོངས་ནས་ཁ་བྲལ་ཏེ་གྲོང་མིའི་འཚོ་བ་རོལ་སྟངས་རིམ་བཞིན་དེང་རབས་ཅན་དུ་འགྱུར་ཡོད་ཅེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚེས1ཉིན་ནས་བཟུང《ལྷོ་ཁ་གྲོང་ཁྱེར་གྱི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལ། བྱ་འགུལ་གྱི་ཡུལ་དངོས་སུ་ལས་དོན་མི་སྣས་མང་ཚོགས་ལ《སྲོལ་ཡིག》གི་དྲིལ་སྒྲོག་ལག་དེབ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས། གཙང་ཤོག ཤོག་ཕོར་སོགས་དྲིལ་སྒྲོག་དངོས་རྫས་འགྲེམ་གཏོང་བྱས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།