ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྤོས་རྒྱུན་འཛིན་པ་བསྟན་འཛིན་ཆོས་འཕེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།



འདི་ནི་སྙེ་མོ་བོད་སྤོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ་ནི་བོད་སྤོས་ཀྱི་འབྱུང་ཡུལ་ཡིན་ལ། བོད་སྤོས་བཟོ་རྩལ་ད་ལྟའི་བར་དུ་ལོ་ངོ1300རིང་གི་ལོ་རྒྱུས་ལྡན། སྙེ་མོ་བོད་སྤོས་བཟོ་རྩལ་གོ་རིམ་རྙོག་འཛིང་ཆེ་ཞིང་རྒྱུ་ཆ་ཕུན་སུམ་ཚོགས་པས། བོད་སྤོས་ནང་དུ་ཙན་དན་དང་གུར་ཀུམ། ཀ་ཀོ་ལ་སོགས་ཀྱི་རང་བྱུང་སྨན་རྫས་རྩ་ཆེན་ཡོད། 2008ལོར་སྙེ་མོ་བོད་སྤོས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ནང་བཞག་པ་དང་། སྙེ་མོ་བོད་སྤོས་དང་ཕུ་གསུམ་རྡོ་རྐོས། ཞོ་ལེགས་བོད་ཤོག་བཅས་ལ“སྙེ་མོའི་ཕུལ་བྱུང་གསུམ”ཞེས་འབོད་ཀྱིན་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོང་དང་ས་གནས་སྲིད་གཞུང་གི་ཤུགས་ཆེན་པོའི་ཁྱབ་སྤེལ་འོག སྙེ་མོ་བོད་སྤོས་རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་པས། རྒྱང་རིང་ནས་ཡོང་བའི་ཡུལ་སྐོར་པ་དང་ཚོང་པ་རྒྱུན་དུ་ཡོང་བའི་མགྲོན་པོ་རུ་གྱུར་བ་མ་ཟད། སྟབས་བདེ་བའི་དྲ་རྒྱ་ཡང་བོད་སྤོས་ཕྱིར་འཚོང་བྱེད་པའི་བགྲོད་ལམ་གསར་བ་རུ་གྱུར། “བོད་སྤོས་ལ་སེམས་བདེ་བཟོ་བ་དང་མཁའ་དབུགས་གཙང་ཆུ་འགྱུར་བའི་ནུས་པ་ཡོད་པས། ཡུལ་སྐོར་པ་མང་པོ་ང་ཚོའི་བོད་སྤོས་ལ་དགའ་བ་རེད”ཅེས་བོད་སྤོས་བཟོ་རྩལ་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་བྱེད་མཁན་བསྟན་འཛིན་ཆོས་འཕེལ་གྱིས་དེ་ལྟར་བརྗོད། །

འདི་ནི་བསྟན་འཛིན་ཆོས་འཕེལ་གྱིས་བོད་སྤོས་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།

འདི་ནི་བསྟན་འཛིན་ཆོས་འཕེལ་གྱིས་བོད་སྤོས་ལས་བཞིན་པའི་ཚུལ་རེད།

འདི་ནི་བོད་སྤོས་ལས་བྱེད་ཀྱི་རྒྱུ་ཆ་ཡིན།


འདི་ནི་སྐམ་ཡོད་པའི་ལག་བཟོས་བོད་སྤོས་ཡིན།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།