ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེར་རིམ་འཕར་གྱི་རྣམ་པ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།


པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་རིམ་འཕར་གྱི་རྣམ་པ་ལེགས་པོ་མངོན་ཡོད། ཟླ10པའི་ཚེས21ཉིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲུང་ཁྲུང་སྐེ་ནག་གི“སྔོན་མངགས་རུ་ཁག”ལྷུན་གྲུབ་རྫོང་དུ་འབྱོར་ནས་དགུན་སྒྲོལ་བྱེད་མགོ་ཚུགས། སྐོར་དང་པོ་ལྷུན་གྲུབ་རྫོང་དུ་འབྱོར་བའི་ཁྲུང་ཁྲུང་སྐེ་ནག་བསྡོམས་པས58ཡོད་ཅིང་། དེ་དག་གི་སྡོད་ཡུལ་གཙོ་བོ་ནི་སྟག་མགོ་རིའི་ཆུ་མཛོད་དང་མཁར་རྩེ་ཆུ་མཛོད་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།