ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་གསར་དུ་སྐྲུན་པའི་རྒྱུག་ལམ་གཉིས་པ་སྔོན་དཔག་བྱས་ན་ལོ་མཇུག་ཏུ་སྤྱོད་མགོ་ཚུགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའིA319-115Sརྟགས་ཅན་གྱི་གནམ་གྲུB-6478བརྟན་པོའི་ངང་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་གསར་དུ་སྐྲུན་པའི་རྒྱུག་ལམ་གཉིས་པར་བབས་པ་དང་། དེས་རྒྱུག་ལམ་གཉིས་པར་གནམ་གྲུ་མཁའ་སྐྱོད་ཚོད་ལྟའི་ལས་འགན་བདེ་བླག་ངང་ལེགས་པར་འགྲུབ་པ་མཚོན་ཡོད།

བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ཡིན་པའི་ཆ་ནས། ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་གསར་དུ་སྐྲུན་པའི་རྒྱུག་ལམ་གཉིས་པའི་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར42.8བཏང་བ་དང་། འཛུགས་སྐྲུན་ནང་དོན་གཙོ་བོ་ནི་སྔར་ཡོད་རྒྱུག་ལམ་གྱི་བྱང་ངོས་སུ་སྨི4000ཡོད་པའི་རྒྱུག་ལམ་རིང་བོ་ཞིག་དང་། མཉམ་གཤིབ་བཤུད་འགྲོའི་ལམ་བུ་གཅིག་བསྐྲུན་པ། དེ་དང་ལེ་ལག་ཚང་བའི་མིག་མཐོང་འཕུར་སྐྱོད་རོགས་འདེགས་དང་། བར་སྣང་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ། འཕུར་སྐྱོད་ཁུལ་གྱི་གློག་ཞན་པ། མཐོ་ཚད་སྨི55.6ཡོད་པའི་ལྕོག་སྟེགས། མེ་གསོད། གློག་མཁོ་འདོན་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད།

ལས་གཞི2022ལོའི་ཟླ4པའི་ཚེས26ཉིན་སྐྲུན་མགོ་ཚུགས་པ་དང་། སྐྲུན་ཚར་རྗེས་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་ཕྱོགས་བསྡུས་འགན་སྲུང་ནུས་པ་སྔར་བས་ཇེ་མཐོར་གཏོང་བ་དང་། མཁའ་འགྲུལ་ལས་རིགས་མགྱོགས་མྱུར་སྒོས་འཕར་བའི་གནས་བབ་དང་འཕྲོད་མཐུན་ཐུབ་པ། དམག་དམངས་མཁའ་འགྲུལ་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་འཐུས་ཚང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་དོན་སྙིང་གལ་ཆེན་ལྡན།

ལས་གཞི་དེའི་བཀོད་འདོམས་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་གསར་དུ་སྐྲུན་པའི་རྒྱུག་ལམ་གཉིས་པའི་ལས་གཞི་བདེ་བླག་ངང་སྤེལ་ཡོད། རྒྱུག་ལམ་དང་བཤུད་འགྲོའི་ལམ་བུ་ཟླ8པའི་ཚེས1ཉིན་ལམ་ཐིག་ཧྲིལ་བོ་ཤར་བགྲོད་ཐུབ་པ། རྩིག་རྨང་བཅོས་པའི་ལས་གཞི་དང་ས་རྡོའི་ལྷམ་པའི་ལས་གཞི། ལམ་ངོས་ཀྱི་ལས་གཞི། མེ་གསོད་ལས་གཞི། འཕུར་སྐྱོད་རོགས་འདེགས་གློག་འོད་ལས་གཞི་ཟླ9པའི་ཚེས24ཉིན་ལེགས་པར་འགྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པ། འཕུར་སྐྱོད་ཁུལ་མཐའ་འཁོར་སྔ་རྗེས་སུ་དུས་མཚམས་དང་པོའི་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་དང་ལས་རིགས་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། ཟླ10པའི་ཚེས10ཉིན་དུས་མཚམས་གཉིས་པའི་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་བྱས་པ། ལས་གཞིའི་ཞིབ་བཤེར་འཕུར་སྐྱོད་ཟླ9པའི་ཚེས20ཉིན་ནས་ཚེས25ཉིན་བར་ལེགས་པར་འགྲུབ་པ། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་རྒྱུག་ལམ་གཉིས་པ་དངོས་སུ་སྤྱོད་མགོ་ཚུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།