ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་མིའི་ཐབས་ཀྱིས་བཏབ་པའི་གཟན་རྩྭ་ལ་ལོ་ལེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ10བའི་ཚེས24ཉིན་མང་ཚོགས་ཀྱིས་ཞིང་འཕྲུལ་སྐོར་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོ་ནས་གཟན་རྩྭ་བསྡུ་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་གྱི་རྫོགས་ལྡན་དུས་ཚིགས་ལ་བོད་ལྗོངས་ཀྱི་ས་ཆ་སོ་སོ་རུ་མིའི་ཐབས་ཀྱིས་བཏབ་པའི་གཟན་རྩྭ་ལ་ལོ་ལེགས་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ངོ་སྤྲོད་ལྟར་ན། ཟླ10བའི་ཚེས15བར་དུ་ས་ཆ་སོ་སོའི་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི11.08ལེགས་འགྲུབ་ཟིན་པ་དང་། ཡང་བསྐྱར་འདེབས་འཛུགས་དང་ཁང་བའི་མདུན་དང་རྒྱབ་ཏུ་རྩྭ་འདེབས་འཛུགས་མུའུ་ཁྲི45.49ཟིན་པས། མཐོ་གྲང་རང་བྱུང་རྩྭ་སའི་ཕྱུག་འཚོ་གནོན་ཤུགས་སེལ་བ་དང་ཆབས་ཅིག་ཏུ་ས་གནས་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་རམ་འདེགས་བྱས། །

འདི་ནི་ཟླ10བའི་ཚེས24ཉིན་མང་ཚོགས་ཀྱིས་ཞིང་འཕྲུལ་སྐོར་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོ་ནས་གཟན་རྩྭ་བསྡུ་བའི་ཚུལ་རེད།

འདི་ནི་ཟླ10བའི་ཚེས24ཉིན་མང་ཚོགས་ཀྱིས་ཞིང་འཕྲུལ་སྐོར་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོ་ནས་རྩྭ་ཤོག་རྒྱག་བཞིན་པའི་ཚུལ་རེད།

འདི་ནི་ཟླ10བའི་ཚེས24ཉིན་པར་བླངས་པའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོའི་རྩྭ་ཤོག་ཡིན།


འདི་ནི་ཟླ10བའི་ཚེས24ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོའི་གྲོང་མི་ངག་དབང་བསྟན་འཛིན་གྱིས་གཟན་རྩྭ་འབྲེག་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།