ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མཁའ་འགྲུལ་གྱིས་ཧོ་ཧྥེ་དང་ཆུང་ཧའེ། ཞུས་ཀྲོའུ་བཅས་ཀྱི་མཁའ་འགྲུལ་ས་ཚིགས3ཇེ་མང་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ10པའི་ཚེས29ཉིན་ནས་བཟུང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས2023ལོའི་དགུན་དུས་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུ་འཕུར་སྐྱོད་དུས་ཚོད་ལག་བསྟར་བྱ་རྒྱུ་རེད། བོད་ལྗོངས་མཁའ་འགྲུལ་གྱིས་སྔར་ཡོད་ཀྱི་མཁའ་འགྲུལ་ལམ་ཐིག་གི་དྲ་རྒྱའི་བཀོད་པའི་རྨང་གཞིའི་ཐོག་ལེགས་སྒྲིག་བྱས་ནས་ཧོ་ཧྥེ་དང་། ཆུང་ཧའེ། ཞུས་ཀྲོའུ་བཅས་ཀྱི་མཁའ་འགྲུལ་ས་ཚིགས3ཇེ་མང་དུ་བཏང་སྟེ། མཁའ་འགྲུལ་ལམ་ཐིག130ལྷག་ལག་བསྟར་བྱ་རྩིས་ཡོད་པ་དང་རྒྱལ་ནང་གི་གྲོང་ཁྱེར50ཙམ་ལ་ཁྱབ་ཡོད།

ཡུལ་སྐོར་དམིགས་ཡུལ་ས་ཁུལ་དུ་ཡུལ་སྐོར་བྱེད་མཁན་མང་བ་དང་ཉུང་བའི་དུས་ཚོད་དང་དེ་བཞིན་མཁའ་འགྲུལ་ཀུང་སིས་དུས་ཚིགས་གོང་མའི་དུས་གཏན་གནམ་གྲུའི་ཁྲོམ་རར་ལན་སློག་བྱས་པའི་དགོས་མཁོར་བསམ་གཞིགས་བྱས་ཏེ། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་ལོ་ལྟར་དུས་གཏན་གནམ་གྲུའི་འཆར་གཞིར་ལེགས་སྒྲིག་ཐེངས་གཉིས་བྱེད་བཞིན་ཡོད། ཐེངས་འདིའི་དུས་ཚིགས་བརྗེ་བའི་ཐད། བོད་ལྗོངས་མཁའ་འགྲུལ་གྱིས་ཟི་ལིང⇌ལི་ཅང་དང་། ལི་ཅང⇌ནན་ཅིང་། ཅི་ནན⇌ལུའུ་ཀྲོའུ། ཟི་ལིང⇌མང་གྲོང་ཁྱེར། ཞི་ཨན⇌ཆུང་ཧའེ། ལྷ་ས⇌དབྱི་པིང⇌ཞུས་ཀྲོའུ་བར། ལྷ་ས⇌ཀུའེ་དབྱང⇌ཐེན་ཅིན་བར། ལྷ་ས⇌ལུའུ་ཀྲོའུ⇌ཧྲེན་ཀྲེན་བར། ཁྲེང་ཏུའུ⇌ཧོ་ཧྥེ། ལྷ་ས⇌ཏ་ཀྲོའུ⇌ནན་ཅིང་བར། ཁྲུང་ཆིང⇌ཕུའུ་ཨར། ཁྲེང་ཏུའུ⇌ཝུའུ་ཧན། ཁྲུང་ཆིང⇌ཆུང་ཧའེ། ལྷ་ས⇌ལུའུ་ཀྲོའུ⇌ཧང་ཀྲོའུ་བཅས་ཀྱི་བར་མཁའ་འགྲུལ་ལམ་ཐིག་གསར་པ14ཇེ་མང་དུ་གཏོང་རྩིས་ཡོད། དེའི་ནང་ཧོ་ཧྥེ་དང་། ཆུང་ཧའེ། ཞུས་ཀྲོའུ་བཅས་ནི་ཇེ་མང་དུ་བཏང་བའི་མཁའ་འགྲུལ་ས་ཚིགས་གསར་བ་ཡིན་པ་དང་། ལྷ་ས⇌ཟི་ལིང⇌ཞུས་ཀྲོའུ་བར་དང་། ཁྲེང་ཏུའུ⇌ཅེ་དབྱང་བར་གྱི་མཁའ་འགྲུལ་ལམ་ཐིག2སླར་གསོ་བྱས་ཏེ་རྒྱ་ཆེའི་འགྲུལ་པར་སྔར་བས་ཕུན་སུམ་ཚོགས་པའི་ཕྱིར་སྐྱོད་ཀྱི་གདམ་ག་མཁོ་འདོན་བྱས་ཡོད།

གཞན་ཡང་། འགྲུལ་པར་སྔར་བས་བདེ་པོ་དང་སྐྱིད་སྣང་དོད་པོའི་གནམ་གྲུར་སྡོད་པའི་ཁོར་ཡུག་མཁོ་འདོན་བྱ་ཆེད། བོད་ལྗོངས་མཁའ་འགྲུལ་གྱི་ཁྲེང་ཏུའུ་ཧྲོང་ལིའུ་གནམ་གྲུ་ཐང་དང་། ལྷ་ས། ཧྲང་ཧའེ་ཧུང་ཆོ་གནམ་གྲུ་ཐང་། ཧྲིན་ཀྲིན། རྒྱལ་ས་པེ་ཅིན་སོགས་སྤུས་ལེགས་མྱུར་བགྲོད་ལམ་ཐིག་དང་སྤུས་ལེགས་མཁའ་འགྲུལ་ལམ་ཐིག་ཏུA330གཤོང་ཆེའི་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་བྱེད་ནུས་གཏོང་རྒྱུ་རེད། དོ་སྣང་བྱ་དགོས་པ་ཞིག་ནི་ཐེངས་འདིར་དུས་ཚིགས་བརྗེ་བའི་རྗེས་སུ་བོད་ལྗོངས་མཁའ་འགྲུལ་གྱིས་དོན་དངོས་སུ་སྐྱེལ་འདྲེན་གྱི་འགན་ལེན་པའི་ཁྲེང་ཏུའུ་དུས་གཏན་གནམ་གྲུ་ཚང་མ་སྔར་བཞིན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གཉེར་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།