ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིསG219ཡུལ་སྐོར་ཁྱབ་སྤེལ་བྱ་འགུལ་སྤེལ་མགོ་ཚུགས་ནས་ཡུལ་སྐོར་རྫོང་གྲགས་ཅན་གྱི་ཚོང་རྟགས་བསྐྲུན་པར་ཤུགས་བསྣན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའིG219དང་བོད་ལྗོངས་ཡུལ་སྐོར་རྫོང་གྲགས་ཅན་ཁྱབ་སྤེལ་བྱ་འགུལ་ཚེས23ཉིན་ལྷ་སར་སྤེལ་མགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ས་ཁོངས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་རྫོང་གྲགས་ཅན་གྱི་ཚོང་རྟགས་བསྐྲུན་པར་ཤུགས་སྣོན། ཁྱད་ལྡན་ཡུལ་སྐོར་གྲོང་གྲོང་དང་ཁྱད་ལྡན་ཡུལ་སྐོར་གྲོང་གསེབ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ཡིན། 

ཐེངས་འདིའི་ཁྱབ་སྤེལ་བྱ་འགུལ་གྱིསG219བོད་ལྗོངས་མཚམས་དང་། ཡུལ་སྐོར་རྫོང་གྲགས་ཅན7གྱི་ལམ་ཐིག་ཐོན་ཁུངས་ལ་རྟོག་ཞིབ། ཚོང་གཉེར་ཁྱབ་སྤེལ་གྱི་བྱ་འགུལ། ཡུལ་སྐོར་ཐོན་རྫས་བཏོད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། G219བོད་ལྗོངས་མཚམས་དང་བོད་ལྗོངས་ཡུལ་སྐོར་རྫོང་གྲགས་ཅན་གྱི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཚོང་རྟགས་ཀྱི་མིང་གྲགས་རྒྱ་སྐྱེད་དུ་གཏོང་རྒྱུ་རེད།

W020231024332003153310.jpg

པར་འདི་ནི་བྱ་འགུལ་སྤེལ་མགོ་ཚུགས་པའི་ཡུལ་དངོས་རྣམ་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་ཐོག་ཡུལ་སྐོར་ལས་རིགས་ཀྱི་ཆེད་མཁས་མི་སྣའི་འཐུས་མི་དང་ཐོན་ཁུངས་སྡོམ་རྩིས་མི་སྣ། སྨྱན་བྱད་འཐུས་མི། དྲ་འབར། དངོས་མྱོང་མཁན་སོགས་མང་པོ་གདན་འདྲེན་བྱས་ཏེ།G219བོད་ལྗོངས་མཚམས་ཀྱི་ལམ་རྒྱུད་དང་སྨར་ཁམས། སྤོ་མེས། མེ་ཏོག །མཚོ་སྣ། ལྷུན་རྩེ། དིང་རི། སྤུ་ཧྲེང་སོགས་རྫོང7གྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་ལ་རྟོག་ཞིབ་བྱས་པ་དང་། ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དང་ཞག་སྡོད་བྱ་ཡུལ། བཟའ་བཏུང་། ལེ་ལག་སྒྲིག་བཀོད་སོགས་ཀྱི་ཆ་འཕྲིན་འཚོལ་སྡུད་བྱས་ནས། རིམ་པོ་མང་པོ་དང་འཕྲེད་ཚད་མང་པོར་རྫོང་དང་ཆུས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་པ་དང་། རྫོང་དང་ཆུས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གསར་སྤེལ། ཡུལ་སྐོར་ལམ་ཐིག་གི་བཀོད་པ་ཇེ་ལེགས་སུ་བཏང་བ། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་གཞི་གྲངས་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྫོང་ཁོངས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་པ། རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། མཐའ་དར་དམངས་ཕྱུག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག །དྲ་ཐོག་ཏུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་དང་ཐབས་ལམ་མང་པོའི་བརྒྱུད་སྒྲོག་གཏིང་ཟབ་བྱས་ཡོད།

ཐེངས་འདིའི་བྱ་འགུལ་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་དང་། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ། ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ། མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུའུ་བཅས་ཀྱིས་རོགས་སྒྲུབ་བྱས་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།