ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན། 2025ལོའི་ལི་ཐང་གི་སྐབས་དང་པོའི་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་གཟབ་རྒྱས་ངང་མགོ་བརྩམས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་དང་ས་གནས་མང་ཚོགས་ཀྱིས་མཐོ་སྒང་གི་རྟ་རྒྱུག་དགྱེས་སྟོན་ལ་ཞུགས་ནས། རྨུག་སྒྲ་དང་དགའ་འབོད་ཁྲོད་ཁྱད་ཆོས་ཀྱིས་ཕྱུག་པའི་ལི་ཐང་གི་མི་རིགས་རིག་གནས་ལ་རོལ་མྱོང་བྱས།
མགོ་རྩོམ་མཛད་སྒོའི་ཐོག་གི་མི་སྟོང་གི་སྐོར་བྲོ།
ཐེངས་འདིའི་དགྱེས་སྟོན་གྱིས་རྩྭ་ཐང་གི་རྟ་རྒྱུག་ལི་ཐང་དུ་ཡོད་པ་བརྗོད་བྱར་བྱས་ཏེ། བྱ་འགུལ་དེ་ཟླ9པའི་བར་དུ་སྤེལ་རྒྱུ་ཡིན་ལ། རྟ་རྒྱུག་དང་རིག་རྩལ་འཁྲབ་སྟོན་སོགས་ཕྱོགས་ཡོངས་ནས་ལི་ཐང་གི་ས་ཁོངས་རིག་གནས་ཀྱི་མཛེས་པར་མངོན་པར་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཆས་རྟགས་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད།
མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། མི་སྟོང་གི་སྐོར་བྲོ་འཁྲབ་སྟོན་ལ་ཞུགས་པའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ལུས་ལ་རྒྱན་གོས་གྱོན་ནས། གྲལ་དག་ཅིང་ཉམས་འགྱུར་གྱིས་ཕྱུག་པའི་གར་སྟབས་དང་དགའ་སྤྲོའི་རོལ་དབྱངས་ཀྱིས་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་སུ་བཏེགས་ཡོད།
ལི་ཐང་རྫོང་གི་འབྲོག་དམངས་ཀྱིས་རྟ་རྩལ་ངོམ་བཞིན་པ།
རྟ་རྒྱུག་ཡུལ་དངོས།
རྒྱུས་ལོན་པ་ལྟར་ན། ལི་ཐང་རྫོང་གི་རྟ་རྒྱུག་རིག་གནས་ལོ་རྒྱུས་ཡུན་རིང་བ་དང་། 2019ལོར་ཀྲུང་གོའི་བོད་རིགས་ཀྱི་རྟ་རྒྱུག་རིག་གནས་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་ཡོད། ཐེངས་འདིའི་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱིས་སྔར་ལས་ལྷག་པར་ས་གནས་ཀྱི་རྟ་རྒྱུག་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་མངོན་པར་བྱ་རྒྱུ་རེད། །