ཀྲུང་གོ་བོད་ཀྱི་དྲ་བ།

ཁྲོན་བོད་གཞུང་ལམ་སྟེང་གི་ཡིད་ལྷུང་ལྷ་མཚོ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡིད་ལྷུང་ལྷ་མཚོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཆགས་ཤིང་། ཁྲོན་བོད་གཞུང་ལམ་བྱང་རྒྱུད་ལམ་ཐིག་གི317གྱི་ལྷོ་སྣེར་ཆགས་ཡོད། ཁ་བས་ཡོངས་སུ་གཡོགས་པའི་ཁྲོ་ལ་རི་བོའི་འདབས་རོལ་ཏུ། གཡུ་ཡི་ཞུན་མ་ལྟ་བུའི་མཚོ་མོའི་ངོས་སུ་འོད་འཁྱུག་འཁྱུག་བྱེད་པ་དང་། འགྲམ་ངོགས་ཀྱི་ཡུལ་ལྗོངས་ནི་ལྟ་ན་སྡུག་པ་ཞིག་ཡིན།

མཚོ་མོའི་འགྲམ་ངོགས་ཀྱི་ཁྲོ་ལ་རི་བོ་ནི་དཀར་མཛེས་ཁུལ་གྱི་ནུབ་བྱང་གི་རང་བྱུང་གི་འགོག་ཡོལ་ཆེན་མོ་ཞིག་ཡིན་ལ། ས་འཕགས་སྨི6168ཡོད་པ་དང་། དམངས་ཁྲོད་ངག་རྒྱུན་ཏུ་ཁྲོ་ལ་རི་རྩེར་འགོས་ན་སྤྲིན་ལ་ལག་པས་རེག་ཐུབ་ཞེས་པའི་བཤད་རྒྱུན་ཡོད། 1951ལོར་ཁྲོ་ལ་རི་བོའི་གཞུང་ལམ་ཤར་གཏོང་བྱས་ཤིང་། མཐོ་ཞིང་གཟར་བའི་ཁྲོ་ལ་རི་བོའི་འདབས་རོལ་གྱི་མཛེས་སྡུག་གི་ཡིད་ལྷུང་ལྷ་མཚོ་ཡང་མི་རྣམས་ཀྱི་སྤྱན་སྔར་དུ་བསྟར་ཡོད།

ཉེ་བའི་ལོ་འགའི་རིང་། ས་གནས་ཀྱིས་རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཁྲོན་བོད་གཞུང་ལམ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས། "རིག་གནས+ཤང་སྡེའི"ཡུལ་སྐོར་ལ་སྐུལ་འདེད་བཏང་བ་དང་། ཆེས་མཛེས་པའི་རྐང་ཐང་ལམ་ཐིག་སོགས་བཏོན་སྟེ། ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཁུལ་དེ་ཡུལ་ཕྱིའི་སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་དང་ཡུལ་ཕྱིའི་འགུལ་སྐྱོད་རོལ་མྱོང་། རི་ཁུལ་གྱི་རིག་གནས་རོལ་མྱོང་བཅས་གཅིག་ཏུ་འདུས་པའི་སྐྱེ་ཁམས་མཛེས་ལྗོངས་ཡུལ་སྐོར་གནས་མཆོག་ཅིག་ཏུ་གསར་འཛུགས་བྱས།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོ་ནང་གི་ཉ་རིགས་ཡིན། 

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན།

པར་འདི་ནི་ཟླ6པའི་ཚེས21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་འགྲམ་ངོགས་ཀྱི་ཁྲོ་ལ་རི་བོའི་མཛེས་ལྗོངས་ཡིན།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།