ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་གི་རྒན་རྒོན་རྣམས་དང་ཁ་བརྡ་བྱེད་བཞིན་པ།
“ངས་རང་གི་ལས་གནས་ཐོག་གཅེས་སེམས་དང་ངང་རྒྱུད། འགན་འཁྲི་བཅས་ཀྱི་སེམས་པར་བརྟེན་ནས། སྔར་ལས་མང་བའི་རྒན་རྒོན་རྣམས་ལ་བདེ་སྐྱིད་དང་ལྷིང་འཇགས་ཡོང་བར་བྱ་རྒྱུ་ཡིན”། འདི་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་རྒན་རྒོན་གཉོར་སྐྱོང་ཁང་གི་ཡོན་ཀྲང་བཀྲ་ཤིས་དབང་མོས་ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི“འཐུས་མིའི་བགྲོད་ལམ”ཐོག་བཤད་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་རེད།
པེ་ཅིན་ནས་སི་ཁྲོན་ནུབ་བྱང་མཐོ་སྒང་གི་ཕ་ཡུལ་དུ་ལོག་སྐབས། བཀྲ་ཤིས་དབང་མོས་སྲིད་གཞུང་ལས་དོན་སྙན་ཞུར་དམིགས་ནས། རང་ངོས་ཀྱི་འགན་འཁྲི་སྒྲུབ་པའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་ཤིང་། སྲིད་ཇུས་བཟང་པོ་གངས་ལྗོངས་མཐོ་སྒང་གི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱེལ་བ་རེད།
འབར་ཁམས་གྲོང་ཁྱེར་རྒན་རྒོན་གཉོར་སྐྱོང་ཁང་དུ་བཀྲ་ཤིས་དབང་མོས་རྒན་རྒོན་ཚོའི་བཟའ་བཏུང་དང་འཚོ་སྡོད་ལ་དོ་དམ་དང་ལྟ་སྐྱོང་བྱེད་པ་ཕུད། ད་དུང་རྒྱལ་ཁབ་ཀྱིས་རྒན་རྒོན་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དེ་ཁོང་ཚོར་བརྒྱུད་བསྒྲགས་བྱས་པ་མ་ཟད། རྒན་གསོ་ཐོན་ལས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་མདུན་ལམ་དུས་ལྟར་གཉོར་སྐྱོང་ཁང་གི་ན་གཞོན་ལས་གྲོགས་དང་བདག་སྐྱོང་པ་ཚོར་མཉམ་སྤྱོད་བྱེད་བཞིན་ཡོད། །
ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་དུ་དང་བླངས་ཞབས་ཞུ་པར་རྒན་རྒོན་རྣམས་ཀྱི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།
ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་གི་མལ་ཁང་དུ་རྒན་རྒོན་ལ་འཚམས་འདྲི་བྱེད་བཞིན་པ།
ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་དུ་རྒན་རྒོན་དང་མཉམ་དུ་རོལ་རྩེད་བྱེད་བཞིན་པ།
ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་དུ་རྒན་རྒོན་རྣམས་དང་ཁ་བརྡ་བྱེད་བཞིན་པ།
ཟླ5པའི་ཚེས16ཉིན། བཀྲ་ཤིས་དབང་མོས་གཉོར་སྐྱོང་ཁང་དུ་ལས་གྲོགས་ཚོ་དང་མཉམ་དུ་རྒན་གསོ་ཐོན་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་མདུན་ལམ་གླེང་མོལ་བྱེད་བཞིན་པ།
ཟླ5པའི་ཚེས7ཉིན། བཀྲ་ཤིས་དབང་མོས་འབར་ཁམས་གྲོང་ཁྱེར་གཉོར་སྐྱོང་ཁང་དུ་རྒན་རྒོན་རྣམས་ལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་བཞིན་པ།
ཟླ3པའི་ཚེས13ཉིན། བཀྲ་ཤིས་དབང་མོས་འབར་ཁམས་གྲོང་ཁྱེར་དུ་མང་ཚོགས་ལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་བཞིན་པ།