ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མང་པོ་བཀུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ11པའི་ཚེས16ཉིན། གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་ལྗོངས་གཟིགས་རླངས་འཁོར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས2024ལོའི་ཟླ11པའི་ཚེས16ཉིན་ནས2025ལོའི་ཟླ3པའི་ཚེས31ཉིན་བར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ཡུལ་སྐོར་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཉིན་དེར་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཁྲི2.3མངགས་ཉོ་བྱས་ནས་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སུ་སླེབས་ཡོད་པ་རེད།

སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་མཚམས་ཤར་གཏོང་ཐུབ་པ་དང་། དེ་བཞིནG8513གཟི་ཚ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་འགྲུབ་ཉེར་ཡོད་པས། ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་མཚོན་བྱེད་དུ་བྱས་པའི་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་བཞིན་ཡོད། །

ཟླ11པའི་ཚེས16ཉིན། གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་དུ་པར་ལེན་བཞིན་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་མུ་ཏིག་རྦབ་ཆུའི་འགྲམ་ངོགས་སུ་ལྟ་སྐོར་བྱེད་བཞིན་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་མུ་ཏིག་རྦབ་ཆུར་ལྟ་སྐོར་བྱེད་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་མུ་ཏིག་རྦབ་ཆུར་ལྟ་སྐོར་བྱེད་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་མཚེའུ་ལྟ་སྐོར་བྱེད་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་སྨྱུག་མའི་རྦབ་ཆུར་ལྟ་སྐོར་བྱེད་པ།

ཟླ11པའི་ཚེས16ཉིན། ཡུལ་སྐོར་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་མཚེའུ་ལྟ་སྐོར་བྱེད་པ།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།