ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཝུན་ཁྲོན་གྱི་རི་མཐོའི་སྟག་མའི་མེ་ཏོག་གིས་རི་ཀླུང་ཡོངས་སུ་བརྒྱན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་གནམ་ཟླ་དྲོ་རུ་ཕྱིན་པ་དང་བསྟུན། སི་ཁྲོན་རྔ་བ་ཁུལ་ཝུན་ཁྲོན་རྫོང་གི་བུའུ་ཡུས་མེ་ཏོག་ལུང་བའི་རི་མཐོའི་སྟག་མའི་མེ་ཏོག་རབ་རབ་ཏུ་བཞད་པས་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མེ་ཏོག་ལ་གཟིགས་པའི་དུས་ཚིགས་ཀྱང་སླེབས་པ་རེད། མེ་ཏོག་ལུང་བ་དེ་ནི་སི་ཁྲོན་ནུབ་བྱང་རྒྱུད་རི་མཐོའི་སྟག་མའི་མེ་ཏོག་སོན་བཟང་ཐོན་ཁུངས་གསོ་སྤེལ་ཚན་རྩལ་དཔེ་སྟོན་ལས་གཞི་རྟེན་གཞི་ཡིན་པའི་ཆ་ནས། ལས་གཞི་འཛུགས་སྐྲུན་བྱས་པའི་ཚུན། རི་ཆགས་ཚུལ་དང་ཕུན་སུམ་ཚོགས་པའི་ས་གཤིས་འགྱུར་ལྡོག་བེད་སྤྱོད་གང་ལེགས་བྱས་ཏེ་སྐྱེ་དངོས་རིགས་མང་བ་མ་ཟད། ད་ལྟ་རིགས་སོ་སོའི་མེ་ཏོག་དང་ཤིང་སྡོང་སྡོང་རྐང་ཁྲི20ལྷག་ནང་འདྲེན་བྱས་ནས་འདེབས་འཛུགས་བྱས་ཡོད་པས། གཞི་རྩ་ནས་དུས་ཚིགས་བཞི་ཡི་མཛེས་ལྗོངས་སུ་གྲུབ་པ་རེད། གཙོ་བོ་སྟག་མའི་མེ་ཏོག་རིགས50ནང་འདྲེན་བྱས་པ་དང་། ཕྱི་རྒྱལ་ནས་རི་མཐོའི་སྟག་མའི་མེ་ཏོག་རིགས30ནང་འདྲེན་བྱས་ཡོད། །


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།


དམར་མདོག་གི་སྟག་མའི་མེ་ཏོག་གིས་ནགས་གསེང་བརྒྱན་པ།


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།


འདི་ནི་ཝུན་ཁྲོན་བུའུ་ཡུས་མེ་ཏོག་ལུང་བའི་སྟག་མའི་མེ་ཏོག་ཡིན།


སྟག་མའི་མེ་ཏོག་གིས་རི་ཀླུང་ཡོངས་སུ་བརྒྱན་པ།


རི་མཐོའི་སྟག་མའི་མེ་ཏོག་གིས་རི་ཀླུང་ཡོངས་སུ་བརྒྱན་པ།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།