ཀྲུང་གོ་བོད་ཀྱི་དྲ་བ།

བོད་གྲོང་དུ་གྲོང་མི་གསར་བ་ཐོན་ནས་གྲོང་ཚོའི་རྣམ་པ་སྒྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་གནས་པའི་ཁ་ཁ་གྲོང་ཚོ་ནི2019ལོར་ད་དུང་རྒྱང་རིང་གི་གྲོང་ཚོ་མང་ཆེ་ཤས་དང་འདྲ་བར་ཕྱི་རོལ་དུ་བསྐྱོད་ན་རླངས་འཁོར་གཅིག་མ་གཏོགས་འགྲོ་མི་ཐུབ་པའི་ལམ་ལ་བརྟེན་པ་དང་། གྲོང་ཚོའི་ན་གཞོན་མང་པོ་ས་ཆ་གཞན་པར་ཞོར་ལས་སོང་བས་རྒྱུན་སྡོད་མི་གྲངས་ནི་རྒན་པ་གཙོ་བོ་ཡིན་ཞིང་། ཁྱད་ལྡན་ཐོན་ལས་དཀོན་པ་རེད།


ཁ་ཁ་གྲོང་ཚོའི་རང་བྱུང་རྣམ་པ།

2019ལོར། ཁ་ཁ་གྲོང་ཚོས་ཁ་ཕྱོགས་གསར་བ་ཞིག་བསུས་པ་དེ་ནི་བརྒྱ་གཅིག་བོད་གྲོང་ལྗོངས་ཁུལ་ཡུལ་སྐོར་བསྐོར་ལམ་གྱི་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པར་གྱུར་བས། ལམ་ཆུང་མང་པོས་ཡོངས་སུ་གཡོགས་པའི་ཁ་ཁ་གྲོང་ཚོའི་རྣམ་པ་གསར་བ་གཞི་ནས་མངོན་པས་ཡུལ་སྐོར་པ་མང་པོ་ཁ་ཁ་གྲོང་ཚོར་སླེབས། གྲོང་གསེབ་དར་སྤེལ་བྱུང་བ་དེས་ས་ཆ་གཞན་པའི་ཚོང་བ་མང་པོའི་དགས་བསུ་ཐོབ་ཅིང་། 2021ལོར་ཁྲེང་བུན་ཁྲའོ་དང་ཁོའི་གྲོགས་པོ་སི་ཁྲོན་ནུབ་རྒྱུད་དུ་ཡུལ་སྐོར་བྱེད་དུས་གོ་སྐབས་ཞིག་གིས་ཁ་ཁ་གྲོང་ཚོར་སླེབས། “ས་འདིའི་གཞུང་དྲང་གི་རྣམ་པ་དེས་ངའི་སེམས་ཡོངས་སུ་འཕྲོག་པ་དང་། དེ་ནས་ཐུན་མོང་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འདིར་དོན་ཞིག་བསྒྲུབ་པའི་འདུན་པ་སྐྱེས་པ་མ་ཟད། ཁྱད་པར་ཅན་གྱི་མི་ཚེ་ཞིག་ཀྱང་རོལ་འདོད་པར་གྱུར”ཞེས་འདི་ནི་ཁྲེང་བུན་ཁྲའོ་ཡིས་ཁ་ཁ་གྲོང་ཚོར་བཅངས་བའི་བརྩེ་སེམས་ཡིན།

ཡུན་རིང་མ་འགོར་བར་ཁྲེང་བུན་ཁྲའོ་ཡིས་ཁ་ཁ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཧུང་ཅིན་ཧྭ་དང་རང་དགར་བཞག་པའི་ཞིང་ཁྱིམ་བེད་སྤྱོད་བྱས་ནས་བོད་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་གཉེར་བའི་འདུན་པ་སྐྱེས། ཁོ་གཉིས་ཀྱིས་གྲོང་ཚོའི་གནས་བབ་སྒྱུར་རྒྱུ་དང་ཡུལ་སྐོར་འཕེལ་རྒྱས་བྱུང་དགོས་པའི་ཐད་གྲོས་མཐུན་བྱུང་། ཁ་ཁ་གྲོང་ཚོ་ཐོན་མ་ཐག་གི་ཕྱི་མི་དེར་རོགས་རམ་དང་ཡིད་རྟོན་བསྐྲུན་ཆེད། ཧུང་ཅིན་ཧྭ་ཡིས་སྤོབས་པ་ཆེར་བསྐྱེད་དེ་རང་གི་ཁང་པ་ཁྲེང་བུན་ཁྲའོ་ལག་ཏུ་སྤྲད་དེ་ཁྱིམ་ཚང་མགྲོན་ཁང་དུ་གཏོང་བར་བཅུག

“ས་འདིའི་རང་བྱུང་མཛེས་ལྗོངས་ཀྱིས་ངའི་ཡིད་སེམས་འགུགས་པ་མ་ཟད། ཐུན་མོང་མ་ཡིན་པའི་བོད་ཀྱི་སྡོད་ཁང་དང་བོད་ཀྱི་རིག་གནས་ཀྱིས་ཀྱང་ངའི་ཡིད་སེམས་འཕྲོག་བཞིན་འདུག དེ་བས་ངས་ཁྱིམ་ཚང་མགྲོན་ཁང་སྐྲུན་སྐབས་ཁང་པ་ནང་གི་སྒྲིག་བཟོ་ནང་ནུས་བ་ཇེ་ལེགས་གཏོང་དགོས་པ་མ་ཟད། བོད་ཀྱི་སྡོད་ཁང་གི་རྣམ་པ་ལུས་འཇུག་པའི་རེ་བ་ཡང་ཡང་བཏོན། གྱང་ངོས་དང་རྡོ་རྫ་ལ་སོགས་ལ་གཟིགས་པའི་རིན་ཐང་ལྡན་པ་ལས་ད་དུང་རིག་གནས་རྒྱུད་འཛིན་དང་མཚོན་བྱེད་རང་བཞིན་ཡོད། དེ་ཡང་ཡུལ་སྐོར་པའི་སྤྲོ་བ་བསྐྱེད་ས་ཡིན་པས་ངས་རྒྱུན་དུ་གྲོང་ཚོ་ནང་གི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གཞན་དང་ཁ་བརྡ་བྱེད་སྐབས་རང་གི་ལྟ་ཚུལ་འདི་བརྗོད་བཞིན་ཡོད”ཟེར། ཁྲེང་བུན་ཁྲའོ་ཡི་ལྟ་ཚུལ་འདི་དུས་ཐོག་ཏུ་གྲོང་མི་ཚོས་ཁས་མ་བླངས་པར་ཁོ་ཚོའི་བསམ་ཕྱོགས་དང་འགལ་ཟླ་བྱུང་། “རྗེས་སུ་གྲོང་མི་ཚོ་ངའི་མགྲོན་ཁང་དུ་ཡོང་ནས་ངས་ཡུལ་སྐོར་པ་དང་ཁ་བརྡ་བྱེད་པའི་སྐོར་ཐོས་ཚེ། ཁོ་ཚོས་ཡུལ་སྐོར་པ་ཚོའི་དགའ་ཕྱོགས་གསལ་བོར་རྟོགས། དེ་ནས་ཁྲེང་བུན་ཁྲའོ་ཡི་ལྟ་ཚུལ་ཁས་ལེན་པའི་གྲོང་མིའང་རིམ་བཞིན་ཇེ་མང་དུ་གྱུར”ཟེར།

ཁ་ཁ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་།

ཁྱིམ་ཚང་མགྲོན་ཁང་དང་པོ་བཅོས་སྒྱུར་ནས་གྲོང་མིའི་བསམ་བློ་སྒྱུར་བའི་གོ་རིམ་ཁྲོད་ཁྲེང་བུན་ཁྲའོ་ཡང་ཡོངས་སུ་ཁ་ཁ་གྲོང་ཚོའི་གྲོང་མི་ཚོ་དང་ཡོངས་སུ་འདྲེས་ནས། ཁོ་ནི་གྲོང་མི་ཚོའི་ཁ་ནང་གི“ཕྱི་ཡོང་པ”ནས“ཡུལ་མི”རུ་གྱུར། ཁྲེང་བུན་ཁྲའོ་དང་འདྲ་བའིགྲོང་མི་གསར་བའིཧུར་བརྩོན་འོག་གྲོང་ཚོ་ཧྲིལ་བོས་ཁྱིམ་ཚང་མགྲོན་ཁང15བཅོས་སྒྱུར་བྱས། “གྲོང་མི་གསར་བ”སྔར་ལས་མང་པོ་དགའ་བསུ་བྱ་ཆེད། ཁ་ཁ་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་ཏང་ཀྲུའུ་པུའུ་ཡི་འབོད་སྐུལ་འོག་ཏུ་ཏང་ཡོན་དང་མང་ཚོགས་བྱ་འགུལ་སྤེལ་ས་ནས་ཁྲེང་བུན་ཁྲའོ་དང་འདྲ་བའི་ཏ་ལུན་དང་ཁྲུང་ཆིན། ཁྲེང་ཏུའུ། ཡ་ཨན་གྱི་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཁྱིམ་ཚང་མགྲོན་ཁང་མ་དངུལ་གཏོང་མཁན14ལ་གྲོང་ཚོ་ནང་ཞུགས་པའི་མཛད་སྒོ་སྤེལ། དེ་མིན་ཁོ་ཚོར“ཕུལ་བྱུང་གྲོང་མི་གསར་བའི”དཔང་ཡིག་སྤྲད།

“མཛད་སྒོ་འདི་ལྟ་བུ་སྤེལ་བའི་དམིགས་ཡུལ་ནི་ཁོ་ཚོས་ཁ་ཁ་གྲོང་ཚོར་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུ་འདོད་པ་དེ་ཡིན། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་མུ་མཐུད་དུ་མ་དངུལ་གཏོང་མཁན་ཁོ་ཚོ་དང་འདྲ་བར་མུ་མཐུད་དུ་ཞབས་ཞུ་སྒྲུབ་རྒྱུ་ཡིན། དེ་ལྟར་བྱས་ན་ཁོ་ཚོར་རང་ཉིད་ཀྱང་ཡུལ་འདིར་གཏོགས་པའི་ཚོར་བ་ཡོད་པ་མ་ཟད། གྲོང་གསེབ་དར་སྤེལ་ལས་དོན་ཁྲོད་གྲོང་མི་ཚང་མར་སྣེ་ཁྲིད་བྱས་ནས་ཕྱུག་འགྱུར་ལམ་བུ་ནང་བསྐྱོད་ཐུབ”ཅེས་ཧུང་ཅིན་ཧྭ་ཡིས་དེ་ལྟར་བཤད། 

ཁྲེང་བུན་ཁྲའོ་ཡིས། ཁོའི་ཁྱིམ་ཚང་མགྲོན་ཁང་གཉིས་པ་ནི་གྲོང་ཚོའི་ཐུན་མོང་དང་མཉམ་འབྲེལ་བྱས་པ་ཡིན་ལ། ད་ལོའི“ལྔ་གཅིག”གུང་གསེང་ལ་གཉེར་མགོ་བརྩམས་པ་ཡིན། ཁྱིམ་ཚང་མགྲོན་ཁང་དུ་མངར་ཇ་སྐོལ་བ་དང་རྩམ་པ་བརྫི་བ་སོགས་ཀྱི་མི་རིགས་ཁྱད་ཆོས་ལྡན་པའི་རོལ་མྱོང་རིགས་ཡོད་པས། གྲོང་མི་སྔར་ལས་མང་པོར་སྣེ་ཁྲིད་བྱས་ནས་ས་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

སྣུམ་ཞལ་ལམ་ཁྱིམ་ཚང་སྒོ་ཁར་ཐོན་པ་དང་། གྲོང་གསེབ་དར་སྤེལ། ཁོངས་ཡོངས་ཡུལ་སྐོར་གྱི་ཤར་རླུང་ཁ་ཁ་བོད་གྲོང་དུ་གཡུགས་པས། ཁྲེང་བུན་ཁྲའོ་དང་འདྲ་བའི“གྲོང་མི་གསར་བ”སྔར་ལས་མང་བ་དང་ཕ་ཡུལ་དུ་སྡོད་པའི་ཁ་ཁ་གྲོང་མི་ཚོས་མཉམ་དུ་གྲོང་ཚོ་འདི་བསྐྲུན་བཞིན་ཡོད། གྲོང་ཚོ་དེ་ཡང་ལྷིང་འཇགས་ངང་རང་གི་རྣམ་པ་སྒྱུར་དང་སྒྱུར་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།