ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཧོང་ལུང་ལྗོངས་ཁུལ་གྱི“ཡའོ་ཁྲི་ལྷ་མཚོ”ཡིས་ཡུལ་སྐོར་པ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”རྫོགས་ལྡན་དུས་ཆེན་རིང“ཡའོ་ཁྲི་ལྷ་མཚོ”ཞེས་མཚན་སྙན་ལྡན་པའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧོང་ལུང་ལྗོངས་ཁུལ་དུ་ཁ་བ་བབས་པ་དང་། ཁ་བས་ཡོངས་སུ་གཡོགས་པའི་ཀལ་སྒྱུར་ཁ་མདོག་སྣ་མང་ཅན་གྱི་རྫིང་བུ་ནང་རྒྱང་རིང་གི་རི་བོ་དང་ཉེ་སའི་ཤིང་སྡོང་གི་གྲུབ་གཟུགས་འཆར་བས་ཡུལ་སྐོར་པ་མང་པོ་བསུས། ཧོང་ལུང་ལྗོངས་ཁུལ་གྱིས་ཀྱང“ལྔ་གཅིག”གུང་གསེང་རིང་གི་མཐོ་རླབས་བསུས་ནས། བསྡོམས་རྩིས་ལྟར་ན། ཟླ5བའི་ཚེས1ཉིན་ནས་ཚེས2ཉིན་བར་དུ་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི1.9ལས་བརྒལ་བ་སྣེ་ལེན་བྱས་པ་དང་། ཟླ5བའི་ཚེས3ཉིན་ཡུལ་སྐོར་པའི་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི2ལས་བརྒལ།

ཡུལ་སྐོར་པ་ཚོ་གདུང་འདེགས་འཕྲང་ལམ་དང་ཁ་མདོག་སྣ་མང་གི་རྫིང་བུ། ཁ་བའི་ཁྲོད་རྒྱུ་བ་སོགས་ཀྱིས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་གྲུབ་ཡོད།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།


ཁ་བ་བབས་རྗེས་ཀྱི་ཧོང་ལུང་ལྗོངས་ཁུལ།

“ལྔ་གཅིག”གུང་གསེང་རིང་། ཧོང་ལུང་ལྗོངས་ཁུལ་དུ་རྒྱུན་མཐུད་ངང་ཁ་བ་བབས་པ་དང་། ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། ཡུལ་སྐོར་པའི་ལྗོངས་གཟིགས་བདེ་འཇགས་ལ་འགན་ལེན་བྱ་ཆེད། འབྲེང་ཟམ་གྱི་འབབ་ཚིགས་ཞོལ་མ་ནས་ཁ་མདོག་སྣ་མང་ཅན་གྱི་རྫིང་བུ་བར་གྱི་རྐང་ལམ་གཉིས་སུ་སྨི3600རིང་ཐུང་གི་འདྲེད་འགོག་སོ་མའི་ཐག་པ་བཏིང་ཡོད་པ་དང་། ལས་དོན་མི་སྣས་ཡུལ་སྐོར་པ་ཚོ་ལྗོངས་ཁུལ་ནང་མ་ཐོན་སྔོན་དུ་ལམ་ནང་གི་ཁ་བ་སེལ་པ་རེད། ད་དུང་ཡུལ་སྐོར་པ་ཚོར་རིན་མེད་དབྱང་ཁང་མཁོ་འདོན་བྱས་ནས་མཐོ་སྒང་དུ་དབྱང་མཁོ་འདོན་ཞབས་ཞུ་བསྒྲུབས། དུས་ཐོག་ཏུ་ལྗོངས་ཁུལ་ཕྱི་ནང་གི་གསང་སྤྱོད་ཁང་གཙང་སྦྲ་བྱས། ལྗོངས་ཁུལ་བློ་འདྲི་ས་དང་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་པར་བློ་འདྲི་ཞབས་ཞུ་མཁོ་འདོན་བྱས།


ལས་དོན་མི་སྣས་ལྗོངས་ཁུལ་དུ་ཁ་བ་གཙང་སེལ་བྱེད་བཞིན་པ།

རྒྱུས་ལོན་ལྟར་ན། ལྗོངས་ཁུལ་གྱིས་ད་དུང་གཞུང་ཕྱོགས་སྨྱན་སྦྱོར་སྟེགས་བུ“ལྔ་གཅིག་ཧོང་ལུང་དུ་ཡུལ་སྐོར་བྱེད་པ”ཞེས་པའི་ཆེད་དོན་ཡུལ་སྐོར་ལམ་ཐིག་བེད་སྤྱོད་གང་ལེགས་ཀྱིས་དུས་ཐོག་ཏུ་གནམ་གཤིས་སྔོན་བརྡའི་གནས་ཚུལ་དང་བདེ་འཇགས་དཔལ་ཡོན་ཕྱིར་བསྐྱོད་སོགས་ཀྱི་དྲན་སྐུལ་གནས་ཚུལ་བསྒྲགས། པི་ཝང་དཀྲོལ་པ་དང་ཆའང་རིགས་སྒྲ་རིམ་མང་བའི་གླུ་ལེན་ཚུལ་སོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལྗོངས་ཁུལ་ནང་སྐྱེལ་ཏེ་ཡུལ་སྐོར་པ་ཚོས་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།