ཀྲུང་གོ་བོད་ཀྱི་དྲ་བ།

​2024ལོའི་འཁྱགས་རྩེ་ཚོགས་ཆེན་དང་ན་གཞོན་ཚན་རིག་འཚོལ་ཞིབ་བྱ་འགུལ་དུང་དཀར་ལུང་བའི་འཁྱགས་རོམ་དུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འཁྱགས་རོམ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་རྒྱུ་ནི་ཚན་རིག་ཁམས་ཀྱི་ལས་དོན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་དེ་ནང་ཞུགས”ཏེ“ཚན་རིག་ནས་སྤྱི་ཚོགས་དང་། མདོ་དབུས་མཐོ་སྒང་འཁྱགས་རོམ་འཁུམ་པ་དང་གནམ་གཤིས་འགྱུར་ལྡོག”བརྗོད་དོན་ཡིན་པའི2024ལོའི་འཁྱགས་རྩེ་ཚོགས་ཆེན་དང་ན་གཞོན་ཚན་རིག་འཚོལ་ཞིབ་བྱ་འགུལ་ཟླ4བའི་ཚེས16ཉིན་ཁྲེང་ཏུའུ་ནས་མགོ་ཚུགས།

བྱ་འགུལ་གྱི་ནང་དོན་གཙོ་བོ་ཡིན་པའི་ཆ་ནས། ན་གཞོན་ཚན་རིག་འཚོལ་ཞིབ་བྱ་འགུལ་ཟླ4བའི་ཚེས17ཉིན་མགོ་བརྩམས་ནས། ན་གཞོན་འཐུས་མི15དང་ཚན་རིག་པ་མཉམ་དུ་དཀར་མཛེས་ཁུལ་དུང་དཀར་ལུང་བའི་འཁྱགས་རོམ་དུ་ཕྱིན་ནས་ཉིན5རིང་གི་ཚན་རིག་འཚོལ་ཞིབ་བྱ་འགུལ་སྤེལ། བྱ་འགུལ་རིང་ན་གཞོན་འཐུས་མི་ཚན་རིག་པ་དང་མཉམ་དུ་འཁྱགས་རོམ་གྱི་གཏིང་ཟབ་སར་ཕྱིན་ཏེ་ཕྱི་རོལ་ལག་ལེན་དང་སློབ་སྦྱོང་གཏིང་ཟབ་བརྒྱུད་དེ“ཀྲུང་གོའི་ན་གཞོན། རི་རྩེར་འཛེག་ཕོད”པའི་དཔའ་ངར་དང་འཁྱགས་རོམ་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལས་འགན་ཁུར་བའི་སྤོབས་པ་བསྐྱེད།

ས་བབ་སྨི7556ཟིན་པའི་གངས་དཀར་རི་བོའི་ཕྱོགས་སུ་བཞུར་ཡོང་བའི་དུང་དཀར་ལུང་བའི་འཁྱགས་རོམ་གྱི་མཇུག་སྣེ་སྟེ་ཁྲེང་མིན་བྲག་ཕུག་གནས་སུ་ཀྲུང་གོའི་ཚན་རིག་མྱུལ་དཔྱད་མཐུན་ཚོགས་གླིང་སྣེའི་ས་ཁུལ་ཆེད་དོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཝུན་ཞའོ་ཡིས་ན་གཞོན་འཐུས་མི་ཚོར་འཁྱགས་རོམ་གླིང་སྣེའི་ས་ཁུལ་གྱི་ཚན་རིག་རྟོག་ཞིབ་ཕྱི་རོལ་རྩལ་ནུས་གསོ་སྦྱོང་བྱས། ཁོ་ཚོ་འཁོར་དང་བཅས་པས་ཡུལ་དངོས་སུ་འཁྱགས་སྤར་དང་འཁྱགས་འཇོར་སོགས་ཀྱི་གནད་འགག་ལག་རྩལ་སྒྲིག་ཆས་ཅི་ལྟར་སྤྱོད་པའི་ཕྱོགས་ནས་སློབ་སྦྱོང་བྱས་པ་དང་། གཞན་ཡང་འཁྱགས་རོམ་ཁོར་ཡུག་ཁྲོད་ཅི་ལྟར་བསྐྱོད་པ་དང་བདེ་འཇགས་ཤེས་བྱ་ཁྲིད་ནས་ཁོ་ཚོ་སྔར་ལས་ལྷག་པའི་ངང་འཁྱགས་རོམ་གྱི་གཏིང་ཟབ་སར་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་དང་ཚན་ཞིབ་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་བཙུགས། དེ་རྗེས“འཚོལ་ཞིབ་པ་ཚོས”སྒེར་ས་ཨང་བཞི་བའི་འཁྱགས་རོམ་ལྟ་ཞིབ་ཚད་འཇལ་ས་ཚིགས་གངས་དཀར་ས་ཚིགས་སུ་ཕྱིན་ཏེ་ས་ཁུལ་དེའི་ཚད་བརྒལ་སྒྲ་རླབས་གངས་ཀྱི་འབབ་ཚད་ལྟ་ཞིབ་ཚད་འཇལ་མ་ལག་དང་རི་མཐོའི་གངས་ཆགས་ཡུན་རིང་ལྟ་ཞིབ་ཚད་འཇལ་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས།

རྒྱུས་ལོན་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་སྐྱེ་ཁམས་ཁོར་ཡུག་པུའུ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་དང་ཀྲུང་གོའི་ཚན་རིག་ཁང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་། ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་། ཐན་ཅིན་གྲོང་ཁྱེར་གནམ་གཤིས་འགྱུར་ལྡོག་ཁ་གཏད་སྐུལ་འདེད་ལྟེ་གནས། ཀྲུང་གོ་ཚན་རིག་ཁང་། ཆུ་བེད་པུའུ་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་ཁང་། རྒྱལ་སྤྱིའི་རི་ཁུལ་ཕྱོགས་བསྡུས་འཕེལ་རྒྱས་ལྟེ་གནས་ཀྲུང་གོ་ཨུ་ལྷན(CNICIMOD)བཅས་ཀྱིས་མཉམ་འབྲེལ་ངང་གཙོ་གཉེར་བྱས། དེ་ནང་གི་ཚན་རིག་འཚོལ་ཞིབ་ནང་དོན་གྱིས་ཚན་རིག་པ་དང་ན་གཞོན་འཐུས་མི་བར་གྱི་བརྗེ་རེས་དང་ཚན་རིག་ཁམས་དང་སྤྱི་ཚོགས་ཁམས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་བྱས་པ་མ་ཟད། ན་གཞོན་འཐུས་མི་ཚོས་དངོས་སུ་ཚན་རིག་པས་སྔོན་ཐོན་ལག་རྩལ་བརྒྱུད་དེ་ལྟ་ཞིབ་ཚད་འཇལ་དང་འཁྱགས་རོམ་གྱི་འགྱུར་ལྡོག་གོ་རིམ་ཐོ་འགོད་བྱས་པ་མ་ཟད། ན་གཞོན་གྱི་ཡུལ་དངོས་རྟོག་ཞིབ་ནུས་བ་ལ་ཤུགས་སྣོན་ནས་རྒྱ་ཆེའི་ན་གཞོན་ཚོའི་འགན་ཁུར་དང་འགུལ་སྐྱོད་མཚོན་ཞིང་། འཁྱགས་རོམ་འགྱུར་ལྡོག་དང་ཁོར་ཡུག་ཤུགས་རྐྱེན་སོགས་ཀྱི་ཕྱོགས་མང་པོར་གཏིང་ཟབ་པའི་ངང་བསམ་བློ་བཏང་ནས། གནམ་གཤིས་འགྱུར་ལྡོག་འགྲན་སློང་ཐད་བསམ་ཕྱོགས་གསར་བ་མཁོ་འདོན་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།