ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་སྒྲུང་ནང་གི་གཟི་ཚྭ་སྡེ་དགུ་ཡང་བསྐྱར་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་ཟླ8པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚྭ་སྡེ་དགུ་རུ་ཚད་རིམ7.0ས་འགུལ་བྱུང་བས་གཟི་ཚྭ་སྡེ་དགུ་ལྗོངས་ཁུལ་ལ་གནོད་འཚེ་ཆེན་པོ་ཐེབས། ལོ7འདས་པའི་རྗེས་ཀྱི་ད་ལྟ་སྔོན་ཆད་གནོད་འཚེ་ཐེབས་པའི་གཟི་ཚྭ་སྡེ་དགུ་ལ་ཡང་བསྐྱར་མཛེས་སྡུག་གི་རྣམ་པ་མངོན། གོ་རིམ་དེ་ཁྲོད་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕེའུ་ཞང་ཅོན་གྱི་ཚོགས་པས་འཛམ་གླིང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་སླར་གསོ་ལས་དོན་རབ་དང་རིམ་པ་ལག་ལེན་འཚོལ་ཞིབ་བྱས།

གཟི་ཚྭ་སྡེ་དགུ་སླར་གསོ་བསྐྱར་སྐྲུན་གོ་རིམ་ཁྲོད། ཕེའུ་ཞང་ཅོན་གྱི་ཚོགས་པས་རིག་གཞུང་ཚན་ཁག་མང་བ་སྣོལ་འཛིང་འདེགས་སྐྱོར་བྱས་ནས། ཆང་འབྲས་རྒྱུ་ཆ་བྱས་ནས་ནང་དུ་སྐྱེ་ཁམས་སྐྱེ་ལྡན་རྒྱུ་ཆ་སྣོན་པས་ཆང་འབྲས་ཁུ་བའི་འོག་ཏུ་གོང་བུ་ཆགས་མི་ཐུབ་པ་དང་། འཁྱགས་ཤུལ་ལྷུང་བའི་ལག་རྩལ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་ཡག་པོ་བླངས་བས། སྐྱེ་ཁམས་རྒྱུ་ཆས་རགས་ལས་པ་དང་རང་ཡུལ་སྐྱེ་དངོས་སླར་གསོ་གནད་དོན་སེལ་པ་རེད། ལྗོངས་ཁུལ་གྱི་ཚིགས་མང་ཞིང་ངོས་རྒྱ་ཆེ་བའི་གཟར་ཐུར་ས་གཤིས་གནོད་འཚོ་དང་ས་ཆུ་ཤོར་བའི་གནད་དོན་ཐད། ཚོགས་པ་དེས“སིམ་འགོག-གསོ་སྤེལ-ཤུན་འཛིན”ཐབས་ལམ་བཏོན་ནས་རང་བྱུང་སྐྱེ་ཁམས་སླར་གསོ་ལག་རྩལ་མ་ལག་དང་ཉེ་བ་དང་། འོད་ནུས་སྐྱེ་ཁམས་ཆུ་འདུས་རྒྱུ་ཆ་དང་རིག་ནུས་ཅན། གཞི་གཅིག་ཅན་གྱི་སྒྲིག་ཆས་གསར་སྤེལ་བརྒྱུད་དེ་སྐྱེ་ཁམས་མ་ལག་རང་གི་འཕྲོད་མཐུན་སྲུང་སྐྱོང་ནུས་བ་མཐོ་རུ་བཏང་། 

ཟླ4བའི་ཚེས20ཉིན། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་སློབ་ཁྲིད་ལག་ལེན་རྟེན་གཞི་ནང་དགེ་རྒན་ཆེན་མོ་ཕེའུ་ཞང་ཅོན(དཀྱིལ)དང་ཁོང་གི་ཚོགས་པའི་ཁོངས་མི་ཚོས་ཞན་འགྱུར་རྩྭ་ཤུན་བེད་སྤྱད་དེ་རྩྭ་ཁེབས་གསོ་སྤེལ་བྱེད་བཞིན་ཡོད།

ཟླ4བའི་ཚེས20ཉིན། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་སློབ་ཁྲིད་ལག་ལེན་རྟེན་གཞི་ནང་དགེ་རྒན་ཆེན་མོ་ཕེའུ་ཞང་ཅོན(གཡས་གཉིས)དང་ཁོང་གི་ཚོགས་པའི་ཁོངས་མི་ཚོས་ས་འོག་ཆུ་ཚད་ཀྱིས་སྐྱེ་ཁམས་སྔོ་ཁེབས་ལ་ཤུགས་རྐྱེན་གང་ཞིག་ཐེབས་སྲིད་པར་ཚོད་ལྟ་བྱེད་བཞིན་པ།


2020ལོར། ཕེའུ་ཞང་ཅོན་གྱིས་རང་གི་ཚོགས་པ་ཁྲིད་དེ་གཟི་ཚྭ་སྡེ་དགུ་རུ་སྐྱེ་ཁམས་སླར་གསོ་ཐད་སྤྱོད་པའི་རྨང་གཞིའི་ས་རྒྱུ་ལེགས་སྒྲིག་བྱེད་བཞིན་པ།

ཟླ4བའི་ཚེས20ཉིན། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་སློབ་ཁྲིད་ལག་ལེན་རྟེན་གཞི་ནང་དགེ་རྒན་ཆེན་མོ་ཕེའུ་ཞང་ཅོན(གཡོན་བཞི)དང་ཁོང་གི་ཚོགས་པའི་ཁོངས་མི་ཚོས་གཏེར་རིའི་སྐྱེ་ཁམས་སླར་གསོ་གཞོང་འཛུགས་ཚོད་ལྟ་བྱེད་བཞིན་པ།

རི་མོ་གོང་མ་ནི2018ལོར་པར་བླངས་པའི་མེ་ལྕེ་མཚོའི་རྣམ་པ་ཡིན་ལ། རི་མོ་ཞོལ་མ་ནི2023ལོར་པར་བླངས་པའི་མེ་ལྕེ་མཚོ་སླར་གསོ་བྱུང་བའི་རྣམ་པ་ཡིན།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།