ཀྲུང་གོ་བོད་ཀྱི་དྲ་བ།

དཀར་མཛེས་ཁུལ་རོང་བྲག་རྫོང་གིས་ཐོན་ལས་ལེགས་སྒྱུར་བརྒྱུད་དེ་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ནི་དཔྱིད་འདེབས་དང་དེ་ལ་གྲ་སྒྲིག་བྱེད་པའི་དུས་ཚིགས་ཡིན་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་ཡོངས་ཀྱིས་ཚ་ཚ་འུར་འུར་གྱི་དཔྱིད་འདེབས་ལས་ལ་བྲེལ་བཞིན་ཡོད། ཞིང་ཁ་ནས་གླང་རྔའི་སྐྱེས་ཚུལ་ཡག་ཅིང་དྲོད་ཁང་ཆེན་མོ་རེ་རེ་རིམ་པ་བསྟར་སྒྲིག་ཡོད།

མིག་སྔར། རོང་བྲག་རྫོང་གིས་དོན་དངོས་དང་འབྲེལ་དེང་རབས་ཞིང་ལས་ཐོན་ལས་ཕྲེང་འབྲེལ་འཛུགས་སྐྲུན་ལ་བརྟེན་ནས། ནུས་ཤུགས་ཡོད་ཚད་ཀྱིས་རྫོང་ཡོངས་ཀྱི་དེང་རབས་ཞིས་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་བཞིན་ཡོད། བྱེད་ཐབས་རབ་དང་རིམ་པའི་སྟེང་དུ་རོང་བྲག་རྫོང་གིས“གྲོག་རོང་གི་སྔོ་ཚལ་དང་རི་སྐེད་ཀྱི་འབྲུ་རིགས། རི་མཐོའི་ཕྱུགས་སྨན”གྱི་ཐོན་ལས་བཀོད་འདོམས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཐོན་ལས་བཀོད་འདོམས་ལེགས་སྒྱུར་བཏང་བ་མ་ཟད། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་གིས་འབྲུ་རིགས་ཐོན་ཚད་མཐོ་རུ་བཏང་ཞིང་། གཙོ་ཁྲིད་ཐོན་ལས་དང་ཐོན་སྐྱེད་རྟེན་གཞི། ལས་སྣོན་ཁེ་ལས། ལེགས་ཆའི་ཐོན་རྫས་ཡོད་པ་བཅས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཅན་གྱི་རྣམ་པ་གསར་བ་བསྐྲུན་པར་ཇེ་མགྱོགས་སུ་བཏང་། 

ཞིང་རྨོ་བ་དང་ལོག་རྒྱག་པ། ལུད་འཇོག་པ། འདེབས་འཛུགས་བྱེད་པ་བཅས་རོང་བྲག་རྫོང་སྒོ་ཕྱེད་ཤང་ཁམ་སྡོང་ཐང་གྲོང་ཚོ་རུ་གྲོང་མི་ཚོ་དཔྱིད་འདེབས་ལས་དོན་ནང་ཞུགས་ནས། ཞིང་ཁ་ནས་བྲེལ་འཚུབ་ལྡན་པའི་རྣམ་པ་ཞིག་མངོན་ཡོད།

རྒྱང་རིང་ནས་བལྟས་ཚེ། འདེབས་འཛུགས་རྟེན་གཞི་ནང་སྔོ་ལྗང་གི་གླང་རྔའི་མྱུ་གུ་ལ་གསོན་ཤུགས་རྒྱས་ནས་སྐྱེས་ཚུལ་ཡག

丹巴县一景。丹巴县委宣传部供图
རོང་བྲག་རྫོང་།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་ཀུ་ཤུ་ཐོན་ལས་དེ་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་ཁྲིད་ཐོན་ལས་ཞིག་ཏུ་བཟུང་ནས། རྫོང་ཡོངས་ཀྱི་ཀུ་ཤུ་འདེབས་འཛུགས་རྒྱ་ཁྱོན་མུའུ7000ཟིན་པ་དང་། རོང་བྲག་རྫོང་སྒོ་ཕྱེད་ཤང་ཨ་ཉང་ལུང་གྲོང་ཚོར་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་རྒྱུན་ཁྲིགས་སུ་ཆགས་པའི་རི་ཚོགས་ཡིན་ལ། རྒྱང་རིང་དུ་གཅིག་སྡུད་ཡུག་འབྲེལ་གྱི་ས་ཞིང་ནང་དུ་དྲོད་ཁང་གང་སར་ཁྱབ་ཡོད།

丹巴县坚持把“美人脆”苹果产业作为乡村振兴的主导产业之一。丹巴县委宣传部供图
རོང་བྲག་རྫོང་གིས་ཀུ་ཤུ་ཐོན་ལས་གྲོང་གསེབ་དར་སྤེལ་ཡོང་བའི་གཙོ་ཁྲིད་ཐོན་ལས་སུ་བྱས་པ།

དགའ་འོས་པ་ཞིག་ལ། ན་ནིང་ཨ་ཉང་ལུང་གྲོང་ཚོས་ཧུར་ཐག་གིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཚོལ་ཞིབ་བྱས་ནས། ཀྲུའུ་ཅང་རོགས་སྐྲུན་མ་དངུལ་སྒོར་ཁྲི480ལེགས་སྒྲིག་བརྒྱུད་དེ་ཆ་འགྲིག་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་དང་། ཡུལ་སྐོར་ས་ཚིགས་སོགས་ཀྱི་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་མ་ཟད། འགྲམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་དང་ཟུང་འབྲེལ་གྱིས་ཡུལ་སྐོར་དལ་མོའི་སྐྱེ་ཁམས་རྣམ་པ་བཏོད་དེ་གནས་དེར་ཡོང་མཁན་ཡུལ་སྐོར་པ་དང་ཚོང་པ་སྔར་ལས་མང་བ་གནས་དེར་འདུག་པའི་ཐབས་ལམ་བཙལ།

གཞི་གྲངས་ལས་མངོན་པ་ལྟར་ན།2023ལོར་གྲོང་ཚོ་དེའི་ཐུན་མོང་དཔལ་འབྱོར་ཐོན་རྫས་རིན་ཐང་སྒོར་ཁྲི120ཟིན་པའི་ནང་ལུག་གྲོད་ཤ་མོ་སྒོར་ཁྲི80དང་། ཞོག་ཁོག་སོགས་ཀྱི་ཞིང་ལས་ཐོན་རྫས་སྒོར་ཁྲི40ཟིན་པ་རེད།

དགའ་འོས་པ་ཞིག་ལ་ཨ་ཉང་ལུང་གྲོང་ཚོའི་འདེབས་འཛུགས་དཔེ་དབྱིབས་དེ་རྒྱ་ཁྱབ་ཏུ་བཏང་པ་རེད།

ད་ལོར། སྒོ་ཕྱེད་ཤང་གིས་ལུག་གྲོད་ཤ་མོ་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཏང་ནས་མུའུ107ཟིན་པའི་ནང་ཨ་ཉང་ལུང་གྲོང་ཚོ་དང་པོས་མུའུ58དང་ཨ་ཉང་ལུང་གྲོང་ཚོ་གཉིས་པས་མུའུ28 ། བླ་མ་དགོན་གྲོང་ཚོས་མུའུ21འདེབས་འཛུགས་བྱས་པས། ལོ་རེའི་ཐོན་ཚད་རྒྱ་མ་ཁྲི5ལས་བརྒལ་རྒྱུ་དང་ཕྱིར་འཚོང་གྲངས་འབོར་སྒོར་ཁྲི270ཟིན་རྒྱུ་རེད། ཡང2024ལོར་སྒོ་ཕྱེད་ཤང་གི་ལུག་གྲོད་ཤ་མོའི་ཐོན་རྫས་ཡོང་འབབ་སྒོར་ཁྲི340མངོན་འགྱུར་འབྱུང་རྒྱུ་རེད།

ངོ་སྤྲོད་ལྟར་ན། རོང་བྲག་རྫོང་གི་སྐྱེ་ཁམས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཟོང་འགྲུལ་གླིང་ཁུལ་གྱི་ས་འཛིན་ཚད་མུའུ84.5ཟིན་པ་དང་། གཙོ་བོ་ནང་འདྲེན་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་འཁྱགས་སྦྲེལ་ཟོང་འགྲུལ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། “མཛོད་ནང་གསོས་ཉར་དང་འཁྱགས་སྦྲེལ་ཟོང་འགྲུལ། ལས་སྣོན་གཏིང་ཟབ། ཚོང་རྫས་ཅན་དུ་གཏོང་བ། གློག་རྡུལ་ཚོང་གཉེར”གཞི་གཅིག་ཏུ་འདུས་པའི་སྐྱེ་ལྡན་ཞིང་ཕྱུགས་དང་རིག་གནས་གསར་གཏོད་ཐོན་རྫས་ལས་སྣོན་ཟོང་འགྲུལ་གྲུ་ཁ་བཏོད་ནས། རོང་བྲག་རྫོང་གི་ཐོན་ལས་མང་པོ་གཅིག་སྡུད་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་ཡིན།

“ད་ལོར་ང་ཚོས་སྤུས་ཚད་མཐོ་བའི་ངང‘གཙང་གསུམ་ཁུལ་དྲུག’གི་རྒྱལ་མོ་རྔུལ་ཆུའི་ཡུག་ཁུལ་གྱི་རོང་བྲག་དེང་རབས་ཞིང་ཕྱུགས་ལས་ཕྲེང་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། སྔོ་ཚལ་དང་ཤིང་ཏོག ཀྲུང་བོད་ལུགས་རྩྭ་སྨན་སོགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་མུའུ་ཁྲི4.28བསྐྲུན་ནས། ཀུ་ཤུའི་ཐོན་ཚད་རྒྱ་མ་ཁྲི100ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་དང་། ཞོག་ཁོག་དང་འུ་སུ། གཡེར་མ་སོགས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་རིམ་སྤར་འགུལ་སྐྱོད་ལག་བསྟར་གྱིས་ཞིང་ལས་ཐོན་རྫས་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་དང་། གཞན་ཡང་མགྱོགས་མྱུར་ངང་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཕྲེང་འབྲེལ་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ལས་ཐོན་རྫས་མཛོད་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་རོང་བྲག་རྫོང་གི་རྫོང་ཨུའམ་རྒྱུན་ཨུ། རྫོང་དཔོན་གཞོན་པ་བཀྲ་ཤིས་ཉི་མས་དེ་ལྟར་བརྗོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།