ཀྲུང་གོ་བོད་ཀྱི་དྲ་བ།

རོང་བྲག་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རོང་བྲག་རྫོང་གི་བོད་གྲོང་ཞིག་གི་སྟོན་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་ཁྱུང་ཤམ་གྲོང་ཚོའི་མི་རིགས་དམངས་སྲོལ་དུས་ཆེན་བྱ་འགུལ་སྤེལ་མགོ་ཚུགས།

“ངོ་མཚར་ལྡན་པའི་མཛེས་མའི་ལུང་བ་དང་། ལྷིང་འཇགས་ཁུ་སིམ་པོར་གནས་པའི་ས་གནས་སྡོད་ཁང་། ཐུན་མོང་མ་ཡིན་པའི་གནའ་བོའི་རྡོ་མཁར”ཏེ། རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་སླར་གོས་བྱུང་བ་དང་བསྟུན། ཡུལ་སྐོར་པའི་དགོས་མཁོ་ལ་ཡང་འགྱུར་ལྡོག་བྱུང་བཞིན་ཡོད། རིག་གནས་ཡུལ་སྐོར་དགོས་མཁོ་ཡིས་རིམ་སྤར་ཁ་ཕྱོགས་མངོན་པ་རེད། ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་གཏིང་ཟབ་སྐུལ་འདེད་ཀྱིས་སྣ་མང་མཉམ་གནས་ཀྱི་ཡུལ་སྐོར་ལས་རིགས་སྐྱེ་ཁམས་མ་ལག་གསོ་སྐྱོང་བརྒྱུད། ཁོངས་ཡོངས་ཡུལ་སྐོར་རྣམ་པ་སྒྱུར་ཞིང་རིམ་པ་སྤར།

ཟླ3པར། “རོང་བྲག་ཏུ་མེ་ཏོག་རབ་ཏུ་བཞད་པ། ལི་སྡོང་མེ་ཏོག་ལ་གཟིགས་སུ་འགྲོ”ཞེས་པའི་མཛེས་མའི་ལུང་བའི2023ལོའི་མེ་ཏོག་ལ་གཟིགས་པའི་བྱ་འགུལ་རབ་དང་རིམ་པ་མའོ་རྡོ་རི་བོ་གྲོང་རྡལ་ཧའེ་ཅི་ཕུན་ནས་སྤེལ་ཞིང་། མའོ་སི་ཁའི་བོད་ཀྱི་ཟློས་གར་དང་རྒྱལ་རོང་སྐོར་བྲོ་སོགས་ཀྱི་ལེ་ཚན་རེས་སྐོར་ནས་འཁྲབ་སྟོན་བྱས་པས། ཡུལ་སྐོར་པ་ཚོས་ཉེ་བའི་ངང་བོད་ཀྱི་ཟློས་གར་དང་ཚེམ་དྲུབ་སོགས་ཀྱི་མི་རིགས་རིག་གནས་ཉམས་སུ་མྱངས།

ཟླ8པར། གདོང་གླིང་གངས་རིའི་འདབས་སུ“རོང་བྲག་གི་བསིལ་རླུང་ཉམས་སུ་མྱངས”ཞེས་པའི་ཚ་གཡོལ་རོལ་དབྱངས་བྱ་འགུལ་མགོ་ཚུགས་ནས། སྐོར་བྲོ་འཁྲབ་སྟོན་དང་དམངས་གླུ་འགན་བསྡུར་བྱས་ནས་ཡུལ་སྐོར་པ་ཚོར་ངོ་མཚར་ལྡན་པའི་རིག་གནས་གསོལ་སྟོན་བཤམས།

ཟླ10པར། “སྟོན་གྱི་མཛེས་མ་ལུང·ཆེས་མཛེས་རོང་བྲག་འཚོལ”ཞེས་པའི་མི་རིགས་དམངས་སྲོལ་དུས་ཆེན་བྲག་སྟེང་གྲོང་རྡལ་ཁྱུང་ཤམ་གྲོང་ཚོ་ནས་སྤེལ་ཞིང་། བྱ་འགུལ་ནང་མཛེས་མ་བདམས་པ་དང་རིག་རྩལ་འཁྲབ་སྟོན། གཟུགས་འདས་རོལ་མྱོང་སོགས་འདུས་ཤིང་། རོང་བྲག་གི་དམངས་སྲོལ་གོམས་གཤིས་བསྟན་པ་རེད།

ད་ལོའི་ཟླ1པོ་ནས་ཟླ9བའི་བར་དུ་རོང་བྲག་རྫོང་གིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི317.39སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར34.9ཟིན་ཡོད།

རོང་བྲག་རྫོང་གིས་ཧུར་ཐག་གིས་ཁྱད་ལྡན་ཅན་དང་ཁྱད་པར་ཅན་གྱི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་ཀྱིས་ལོ་རྒྱུས་ཤུལ་བཞག་དང་རིག་གནས་ནང་དོན་འཕེལ་རྒྱས་མ་དངུལ་དུ་སྒྱུར།

བྲག་སྟེང་གྲོང་རྡལ་ཁྱུང་ཤམ་གྲོང་ཚོ་ནས་རྒྱང་རིང་ལ་ལྟ་ཚེ། མིག་ལམ་དུ་མངོན་པ་ནི་རི་སྔོ་ལྗང་ནག་དང་། གསེར་མདོག་གི་ལུག་མིག་མེ་ཏོག་རབ་ཏུ་བཞད་དེ་གནའ་བོའི་བོད་གྲོང་དུ་གསོན་ཤུགས་ཡོངས་སུ་རྒྱས་པ་རེད།

ཁྱུང་ཤམ་གྲོང་ཚོའི་ཐོན་ཁུངས་ལ་བརྟེན་ནས་གྲོང་མི་གཡང་དྲུང་གིས་རང་གི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཞིག་བསྐྲུན་པ་དང་། ཁྱིམ་ཚང་མགྲོན་ཁང་དེ་ད་ལོའི་ལོ་མཇུག་སྒོ་འབྱེད་རྒྱུ་ཡིན། མིག་སྔར་ཁྱུང་ཤམ་གྲོང་ཚོ་རུ་བསྡོམས་པས་ཁྱིམ་ཚང་མགྲོན་ཁང4ཡོད་ལ། གཞན་ད་དུང་འཛུགས་སྐྲུན་བྱེད་བཞིན་པ་ཡང་ཡོད་པས་མི་འགྱངས་བར་རིམ་གྱིས་སྒོ་འབྱེད་རྒྱུ་རེད།

རོང་བྲག་རྫོང་གི་ཉིན་མོ་རིང་ཞིང་། ཉིན་མོ་དང་མཚན་མོའི་གནམ་གཤིས་དྲོད་ཚད་ཁྱད་པར་ཆེ་བས་ཐུན་མོང་མ་ཡིན་པའི་ས་ཁོངས་ཁྱད་ཆོས་དང་ནམ་ཟླའི་ཆ་རྐྱེན་གྱིས་ཀུ་ཤུ་འདེབས་པར་ལེགས་ཆ་ལྡན་པ་རེད།

བརྒྱ་གཅིག་གྲོང་རྡལ་ཉེར་ལ་གྲོང་ཚོས་ཀུ་ཤུའི་རྟེན་གཞི་ནང་འདྲེན་བྱས་ནས། ཀུ་ཤུ་མུའུ140འདེབས་འཛུགས་བྱས་ནས་རིམ་བཞིན་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་དར་སྤེལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐུལ་འདེད་བཏང་། 

ཤིང་ཏོག་སྨིན་དུས་ཡུལ་སྐོར་པ་ཡོང་བ་དང་། ད་ལྟ་ཀུ་ཤུ་འདེབས་འཛུགས་དེ་རོང་བྲག་རྫོང་གི་ཤང10གྲོང་ཚོ40ལྷག་ཏུ་ཁྱབ་པ་དང་། ད་ལོའི་ཀུ་ཤུའི་སྤྱིའི་ཐོན་ཚད་རྒྱ་མ་ཁྲི80ལྷག་ཡོད།

མ་འོངས་པར། རོང་བྲག་རྫོང་གིས་རྣམ་པ་མང་བའི་ཐོན་རྫས་བཀོད་སྒྲིག་བྱས་ནས། “རོང་བྲག་ཡུལ་སྐོར”ཞུགས་ཚད་འཕར་ནས་རོལ་མྱོང་ཚོར་སྣང་མཐོ་རུ་བཏང་།

དཀར་མཛེས་ཁུལ་དར་མདོའི་རྒུན་ཆང་དམར་པོ་ཚད་ཡོད་ཀུང་སི་ནི་བཟོ་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་ཞིག་རེད།

མིག་སྔར། རོང་བྲག་རྫོང་དུ་བརྒྱ་གཅིག་དང་སྤྲོ་སྣང་། སོག་ཕོ། བྲག་སྟེང་སོགས་དཔེ་མཚོན་དུ་གྱུར་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྱད་ལྡན་ལྗོངས་ཁུལ་ཆགས་ཤིང་། དེས་གསར་བརྗེ་རིག་གནས་དང་ཀུ་ཤུ་རྟེན་གཞི། དར་མདོའི་རྒུན་ཆང་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཀྱིས“ཡུལ་སྐོར+”“+ཡུལ་སྐོར”གྱི་ཐོན་ལས་མཉམ་འདྲེས་མིང་རྟགས་མང་པོ་བཏོད་ཡོད།

ན་ནིང་གི་ཟླ12ལ་རོང་བྲག་རྫོང་གིས《རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ཁོངས་ཡོངས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་འབྲེལ་ཡོད་གཏན་འབེབས》བཏོན་ནས། 2025ལོ་སླེབས་པའི་ཚུན་རོང་བྲག་རྫོང་དེ་རིག་གནས་བྱ་གཞག་འཕེལ་རྒྱས་ལེགས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་གཏིང་ཟབ་མཉམ་འདྲེས་ཀྱི་སི་ཁྲོན་རིག་གནས་རྫོང་སྟོབས་ལྡན་དུ་སྒྱུར་ནས་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་མངོན་འགྱུར་བྱུང་ཞེས་བརྗོད།

རོང་བྲག་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་ཡི་འགན་ཁུར་མི་སྣས། ཁོངས་ཡོངས་ཡུལ་སྐོར་གྱིས་ཁྱད་ལྡན་ལེགས་ཆ་ཐོན་ལས་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ། མཛེས་མའི་ལུང་བའི་ཡུལ་སྐོར་གུང་གསེང་སྤྲོ་སྐྱེལ་ཁུལ། རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། གཞན་ཡང་མཛེས་སྡུག་དང་ཕྱུག་ལྡན་ཡུལ་སྐོར་གྲོང་གསེབ་སྐོར་ཞིག་བཏོད་དེ“གནའ་མཁར·བོད་གྲོང·མཛེས་མའི་ལུང་བ——ཀྲུང་གོའི་ཆེས་མཛེས་གྲོང་གསེབ”བཅས་ཀྱི་མིང་རྟགས་སྔར་ལས་རྒྱས་སུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།