ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་བཅུ་ཆའི་བརྒྱད་ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱར།   སྤེལ་དུས། : 2023-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས29ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་ནས་རྒྱུས་ལོན་ལྟར་ན། སི་ཁྲོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་རུ་ཆུ་ནགས་ཞིང་དང་། རྩྭ་ཐང་། བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་གཏིང་ཟབ་སྐུལ་འདེད་བྱས་པས། མིག་སྔར་བསྡོམས་པས་སྐྱེ་ཁམས་སླར་གསོ་སྤྱི་ཆིང་ཁྲི19.11སླར་གསོ་བྱས་ནས་སྤྱིའི་དམིགས་ཚད་ཀྱི84%ཟིན་ཡོད།

སི་ཁྲོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་རུ་ཆུ་ནགས་ཞིང་དང་། རྩྭ་ཐང་། བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་རྣམ་གྲངས་ཏེ་སི་ཁྲོན་རྨ་ཆུའི་སྟོད་རྒྱུད་མཛོད་དགེ་རྩྭ་ཐང་བརླན་ས་རི་ཆུ་ནགས་ཞིང་། རྩྭ་ཐང་། བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་དེ་ན་ནིང་དངོས་སུ་མགོ་ཚུགས་པ་དང་། ལོ3རིང་ལ་འབྱུང་ཡུལ་ནས་སི་ཁྲོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ལ་བྱེ་བྲག་ཅན་གྱིས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱ་རྒྱུའི་འཆར་གཞི་ཡོད།

མཛོད་དགེའི་རི་ཆུ་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར52.55ཟིན་ནས། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར20ཐོབ་པ་དང་། རྩྭ་ཐང་སྲུང་སྐྱོང་སླར་གསོ་དང་བརླན་ས་སྲུང་སྐྱོང་སླར་གསོ་སོགས་ཀྱི་རིགས་ཆེན་པོ་བཅུའི་རྣམ་གྲངས39ལག་བསྟར་བྱས་ནས། རྔ་བ་དང་མཛོད་དགེ། ཧུང་ཡོན་དང་ཟུང་ཆུ་རྫོང་དང་འབྲེལ་བ་ཡོད།

སི་ཁྲོན་ཞིང་ཆེན་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གི་འབྲེལ་ཡོས་འགན་ཁུར་པས། ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ་ལས་གཞི་ཁུལ་གྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད85.5%ཡན་ལ་སླེབས་པ་དང་། བརླན་ས་སྲུང་སྐྱོང་བྱེད་ཚད54% ། བརླན་ས་ཞན་འགྱུར་རྣམ་པ་ལེགས་སུ་གཏོང་བ། ཆུ་ཁུངས་གསོ་སྐྱོང་ཚད་རྒྱ་དཔངས་སྨི་དུང་ཕྱུར3.33ཟིན་པ། ས་ཞིང་བྱེ་འགྱུར་གནས་ཚུལ་བཀག་འགོག་ཐེབས་པ་བཅས་བྱས་ནས། སི་ཁྲོན་རྨ་ཆུའི་སྟོད་རྒྱུད་གཞུང་རྒྱུན་མཚམས་བརྒལ་བཅད་ཁའི་ཆུའི་སྤུས་ཚད100%ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།