ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་གྱིས་སྐོར་གཉིས་པའི་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཁ་གཏད་རོགས་སྐྱོར་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་སྐོར་གཉིས་པའི་མི་རིགས་ས་ཁུལ་ཁྲིམས་ལུགས་ཁ་གཏད་རོགས་སྐྱོར་ལོ་གསུམ་གྱི་འགུལ་སྐྱོད་དང2023ལོའི“1+1”ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་འགུལ་སྐྱོད་ཀྱི་མགོ་ཚུགས་མཛད་སྒོའི་མུ་འབྲེལ་བྱ་འགུལ་ཁྲེང་ཏུའུ་ནས་འཚོགས་པ་དང་། ཁྲིམས་རྩོད་ལས་དོན་ཁང15དང་ལི་ཧྲན་དང་རྔ་བ། དཀར་མཛེས། ལང་ཧྲན་བཅས་རྫོང15ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ཁ་གཏད་རོགས་སྐྱོར་གྲོས་གཞི་ལ་མིང་རྟགས་བཀོད་དེ་ལོ་གསུམ་རིང་གི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་སྤེལ་རྒྱུ་རེད།

2019ལོར་སི་ཁྲོན་གྱི་སྐོར་དང་པོའི་མི་རིགས་ས་ཁུལ་ཁྲིམས་ལུགས་ཁ་གཏད་རོགས་སྐྱོར་ལོ་གསུམ་རིང་གི་འགུལ་སྐྱོད་སྤེལ་མགོ་ཚུགས་པ་ནས་བཟུང་། ཁྲིམས་འཛིན་ཐིང་གིས་སི་ཁྲོན་ཁྲིམས་རྩོད་གཞུང་དཔང་ཁྲིམས་ལུགས་ཞབས་ཞུ་ཚོགས་པ་དང་། སི་ཁྲོན་སེམས་མཐུན·ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ཐོན་ཁུངས་དང་ལེགས་སྒྲིག་གིས་ཞིང་ཆེན་ཡོངས་སུ་ཁྲིམས་རྩོད་ལས་དོན་ཁང68རྩ་འཛུགས་བྱས་ནས། གཡག་རྔ་དང་རྔ་བ། དཀར་མཛེས། ལང་ཧྲན་སོགས་ཀྱི་རྫོང34རུ་ཁྲིམས་ལུགས་རོགས་སྐྱོར་ཁ་གཏད་རོགས་སྐྱོར་སྤེལ་བ་དང་། ལོ་གསུམ་གྱི་རིང་བསྡོམས་པས་ཁྲིམས་ལུགས་རོགས་སྐྱོར་སྐོར་གྱི་གྱོད་དོན546སྒྲུབ་ཅིང་། མང་ཚོགས་ཀྱི་འདྲི་རྟོག་ལ་ལན་བཏབ་པ། འཕྲིན་ཡིག7932་ཚབ་འབྲི་བྱས་པ། དྲ་རྒྱ་བརྒྱུད་དེ་ཁྲིམས་ལུགས་བློ་འདྲི་མི་ཐེངས་ཁྲི6.8ལྷག་བྱས།

མགོ་ཚུགས་མཛད་སྒོའི་སྟེང་། པེ་ཅིན་དང་ཀོང་ཏུང་། ཧྲན་ཏུང་། ཀྲུའུ་ཅང་ནས་ཡོང་བའི“1+ 1”ཁྲིམས་ལུགས་རོགས་སྐྱོར་ཁྲིམས་རྩོད་དང་བླངས་པ4ཡིས་དར་ཆ་བླངས་ཤིང་། ཁོང་ཚོས་ལང་ཧྲན་ཁུལ་ཅིན་དབྱང་རྫོང་དང་ཕའོ་ཀུའུ་རྫོང་། ཀན་ལོ་རྫོང་། ཀུང་ཡོན་གྲོང་ཁྱེར་ཆིན་ཁྲོན་རྫོང་བཅས་སུ་ལོ་གཅིག་རིང་གི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་འགུལ་སྐྱོད་སྤེལ་རྒྱུ་རེད།

རྗེས་མར། སི་ཁྲོན་གྱིས་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ནས་ཁྲིམས་ལུགས་རོགས་སྐྱོར་སྒེའུ་ཁུང་དུ་སོང་ནས་རྒྱུན་རྣམ་ཅན་གྱི་ཁྲིམས་ལུགས་བློ་འདྲི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མ་ཟད། ཁྲིམས་ལུགས་རོགས་སྐྱོར་གྱོད་དོན་ཧུར་ཐག་གིས་སྒྲུབ་པ་དང་། ཁྲིམས་འཛིན་ཁྱབ་ཁོངས་བཅོས་བསྒྱུར་འགན་ཁུར་ལ་ཞབས་ཞུ་སྒྲུབ་ནས་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད། གཞན་ཡང་ཞབས་ཞུ་བྱ་ཡུལ་གྱི་རྒྱུན་སྲིང་ནས་ཁྲིམས་ལུགས་ཁྲིམས་འཛིན་གང་ལེགས་སྤེལ་ནས། ཏང་གི་མི་རིགས་ཆོས་ལུགས་དྲིལ་སྒྲོག་སྒྲོག་འགྲེལ་བྱས་ནས། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཆེ་རུ་བཏང་སྟེ་རང་འགུལ་གྱིས་འགལ་ཟླ་དང་རྩོད་གླེང་སེལ་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་ནས་སྣེ་ཁྲིད་ནུས་བ་འདོན་པ། གནས་གཅིག་ཁྱོན་འཁྲིད་བྱས་ནས་ས་གནས་དེར་ཁྲིམས་ལུགས་ཞབས་ཞུ་དཔང་ཁག་ཅིག་སྐྱེད་སྲིང་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།