ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་མུ་ལི་རྫོང་གིས“གསང་ཡུལ་གྱི་ཞིང་ཁམས·ཤམ་བྷ་ལའི་འབྱུང་ཡུལ་འཚོལ་བ”ཞེས་པའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།


1.png

ཤམ་བྷ་ལ་མཚོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན། སི་ཁྲོན་མུ་ལི་རྫོང་གིས“གསང་ཡུལ་གྱི་ཞིང་ཁམས·ཤམ་བྷ་ལའི་འབྱུང་ཡུལ་འཚོལ་བ”ཞེས་པའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་དང་ཕྱི་རོལ་བྱ་འགུལ་སི་ཁྲོན་མུ་ལི་བོད་རིགས་རང་སྐྱོང་རྫོང་ཤམ་བྷ་ལ་མཚོ་འགྲམ་དུ་སྤེལ། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནང་མུ་ལིའི་ཟས་མངར་དང་རང་བྱུང་མཛེས་ལྗོངས་སོགས་མངོན་པར་མཚོན་ཡོད།

འོས་སྦྱོར་ཡུལ་དངོས་སུ་མུ་ལི་རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ལས་རྫོང་དཔོན་གཞོན་པ་མཱ་ལིང་གིས་མུ་ལི་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས། མུ་ལི་ནི་ལྗང་མདོག་ཁྱད་ལྡན་ཟས་མངར་འདུས་ས་ཡིན་པས“སི་ཁྲོན་དབུལ་སྐྱོར”གྱི་ཚོང་རྟགས12དང་། སྐྱེ་ལྡན་སྒྱུར་བཅོས་དཔང་ཡིག5། ས་གཤིས་མིང་རྟགས1། གྲོང་གསེབ་ཐོན་རྫས་གསོ་སྐྱོང་དང་གྲོང་གསེབ་ཡུལ་སྐོར་མིང་རྟགས20ལྷག་བཏོད་པ་མ་ཟད། རྣམ་པ་ཕུན་སུམ་ཚོགས་ཤིང་མི་ཆོས་ཁྱད་ཆོས་ལྡན་པ། བོད་བརྒྱུད་ནང་བསྟན་རིག་གནས། མོ་གཙོ་མ་རྒྱུད་རིག་གནས་སོགས་ངོ་མཚར་མངོན་ཞིང་ཕན་ཚུན་བརྒྱན་པ་དང་། གཞན་ཡང་རི་ཆུ་འདྲེས་ཞིང་ཡུལ་ལྗོངས་མཛེས་པའི་མི་ཡུལ་གྱི་ཞིང་ཁམས་ཡོད་པས། ཨ་རིའི་མི་ཡིན་ཞིང་ཨོ་སི་ཁྲི་རི་ཡའི་ཉེན་བརྟག་པ་ཡོ་སུའུ་ཧྥུའུ·ལའོ་ཁུ་ཡིས་ཐེངས་གསུམ་ལ་ཡོང་བའི་གནས་མཆོག་ཡིན་པས།“ཀྲུང་གོ·ཤམ་བྷ་ལ་ཆེན་མོའི་སྐྱེ་ཁམས་ཡུལ་སྐོར”ཇུས་འགོད་ལྟེ་གནས་སུ་བདམས་པ་རེད། མཱ་ལིང་གིས་བསྟན་དོན། མུ་ལི་རྫོང་གིས་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས་ཡུལ་སྐོར་ལས་རྣམ་གསར་སྤེལ་དང་ཆུ་ཚད་མཐོ་བའི་ངང་ཡུལ་སྐོར་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ཚད་མཐོ་བའི་ངང་ཡུལ་སྐོར་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་པ་རྣམས་མུ་ལི་ནས་བསྐྱོད་ན་སེམས་སྐྱིད་པ་དང་། སྡོད་ན་སེམས་བདེ་བ། ཟས་ན་བདེ་ཐང་ཡིན་པ་དང་ཡུལ་སྐོར་བྱེད་ན་ཉམས་དགའ་བར་གཏོང་རྒྱུ་ཡིན།

ཉེ་བའི་ལོ་ཤས་རིང་། ཤུགས་ཆེན་པོས་ཡུལ་སྐོར་འཕེལ་རྒྱས“1458”འཆར་གཞི་དང“ཡུལ་སྐོར+”འཕེལ་རྒྱས་བཟོ་འགོད་ལག་བསྟར་བརྒྱུད།“ཞིང་ལས་རིག་གནས་ཡུལ་སྐོར”སྒྲིག་གཞི་ལེགས་གཏོང་དང་ནང་དོན་སྤུས་ཚད་སྐྲུན་པ། འཕེལ་རྒྱས་ནུས་རིམ་མཐོར་གཏོང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི“ཤམ་བྷ་ལ་ཆེན་མོའི་མི་ཡུལ་ཡུལ་སྐོར་ལམ་ཐིག”དང་ཞིང་ཆེན་ཡོངས་ཀྱི“ཤམ་བྷ་ལ་ཆེན་མོའི་རིག་གནས་ཡུལ་སྐོར་རྩེ་གྲ་ལམ་ཐིག”། ཁུལ་ཡོངས་ཀྱི“ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་ལམ་ཐིག་ཆེས་མཛེས་ཡུལ་སྐོར་དམིགས་ཡུལ་གནས”བཅས་དང་འདྲེས་ནས་མུ་མཐུད་དུ“འཛམ་གླིང་གི་ཤམ་བྷ་ལའི་འབྱུང་ཡུལ”མིང་རྟགས་ཇེ་གྲགས་སུ་གཏོང་རྒྱུ་རེད། །

2.png

སྐོར་བྲོ་འཁྲབ་སྟོན།

3.png

འཁོར་གཏོང་རླངས་འཁོར་དཔུང་ཁག

4.png

བྱ་འགུལ་ཡུལ་དངོས།


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།