ཀྲུང་གོ་བོད་ཀྱི་དྲ་བ།

རྟ་མགྲིན་གྱི་སྒྲུང་རིང༼ཁྱིམ་གཞིས ༽བོད་འགྱུར་མ་པར་དུ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

pic.jpg

ཝང་ཧྥན་ཞིའུ་དང་ཆུ་ཀྱཱ་ཟླ་བ་ཟེར་བ་ནི་མི་གཅིག་ཡིན་ཞིང་།  ཁོང་གི་ཕ་མ་གཉིས་ནི་འབྲི་ཆུའི་མགོ་རྔ་གཉིས་སུ་སྐྱེས།  ཁྲག་རྒྱུད་འདྲེས་མས་ཁོང་ལ་ལྟ་ཚུལ་སྣ་ཚོགས་པའི་ངོས་ནས་ཤ་ཁྲག་ནང་གི་མཉམ་འདྲེས་ལ་ལྟ་བའི་ནུས་པ་སྦྱིན། སྟེས་དབང་དུ་བྱུང་བའི་གནམ་གཤིས་ཀྱིས་ཁོང་ལ་གློ་བུར་བའི་སད་རྟོགས་བྱུང་བ་སྟེ། གློག་འཁྱུག་པ་ནི་གཡུ་འབྲུག་སྔོན་མོའི་སྤྲུལ་བསྒྱུར་ཡིན་ལ། ས་གཞི་ཆེན་པོའི་སྟེང་དུ་བབ་པའི་རྨ་ཆུ་འབྲི་ཆུའི་འཁྱུག་འགྲོས་ཡིན། བོད་པའི་དཀར་ཡོལ་འབྲུག་མའི་སྟེང་གི་གཡུ་འབྲུག་ཁ་སྤྲོད་དང་ཡང་འདྲ།《ཧྲང་ཧྲུའུ》ཡི་ནང་གི“ཆུ་སྣ་བརྒྱ་འདུས་རྒྱ་མཚོ”དང་ས་སྐྱའི་ལེགས་བཤད་ཁྲོད་ཀྱི“རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །”ཞེས་པ་དང་མ་བགྲོས་གཅིག་ཏུ་མཐུན་པ་མཚོན། མཚོ་བོད་མཐོ་སྒང་གི་“དཔག་དཀའ་”བ་མཐའ་དག་ཆུ་ཡི་གཟུགས་ཀྱིས་ཤར་ཕྱོགས་ཀྱི་བསྟུན་མཁས་འཆམ་མཐུན་གྱི་ཤེས་རིག་སྦྲུམ་ཤིང་བསྐྱེད་པ་དང་། དེ་ནུབ་ཕྱོགས་པའི་ཁེ་ཕན་གཡུལ་རྟའི་རྨིག་པ་དང་བསྡོངས་ནས་ཤེས་རིག་གཞན་ལ་གཉའ་གནོན་བྱེད་པ་དང་ཁྱོན་ནས་མི་འདྲ་བ་རྦད་དེ་རྟོགས། གཏམ་རྒྱུད་དེས་ཁོང་དང་རྒྱལ་ཁབ་ཕྱི་ནང་གི་མི་ཁྱིམ་གསུམ་གྱི་ལས་དབང་གི་སྐྱ་ལ་བརྒྱུས་པའི་མི་རབས་འགའ་ཡི་ལོ་ངོ་བཅུ་ཕྲག་གི་བརྩེ་གདུང་བརྗོད་པ་བརྒྱུད་དེ་དུས་རབས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ་གྲལ་རིམ་མི་འདྲ་བ་དང་མི་བུ་སྒེར་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་དང་ལས་དབང་གི་དར་རྒུད་བརྗོད་ཡོད།

企业微信截图_16923215607191.png

རྟ་མགྲིན། པ་ཅིན་རྩོམ་རིག་གླིང་གིས་གན་རྒྱ་བཞག་པའི་རྩོམ་པ་པོ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་ཡིན། སྒྲུང་རིང《ཁམས་པ》དང་།  《ལས་དབང》གཉིས་ཡོད།  དེ་ལས《ཁམས་པ》ཞེས་པར་སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྒྲུང་རིང་གི་“རྟ་མཆོག་བྱ་དགའ”ཐོབ་པ་དང་།  《ཁམས་པ》ཞེས་པར་བཟོ་བཅོས་བརྒྱབ་པའི་རླུང་འཕྲིན་འཁྲབ་ཚན་ཆེ་གྲས་ལ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི“གཅིག་ལྔའི”ལས་གཞིའི་བྱ་དགའ་ཐོབ།  2012ལོའི་སི་ཁྲོན་ཞིང་ཆེན་གྱི“གཅིག་ལྔའི”ལས་གཞིའི་དམིགས་བསལ་བྱ་དགའ་ཐོབ། དཔེ་དེབ་དེར་ཀྲུང་གོ་དཔེ་སྐྲུན་སྡེ་ཚོགས་ཀུང་སིའི་ཀྲུང་གོའི་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་ཅིང་།  2013ལོར་དབྱིན་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་པ།  《ལས་དབང》ཞེས་པར་2012ལོའི་སི་ཁྲོན་ཞིང་ཆེན་གྱི“གཅིག་ལྔའི”ལས་གཞིའི་བྱ་དགའ་ཐོབ་པ་དང་དཔེ་དེབ་དེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གིས་མ་དངུལ་བཏོན་པའི་“2012ལོའི་ཀྲུང་གོའི་གསུང་རབ་རྒྱལ་སྤྱིའི་དཔེ་སྐྲུན་ལས་གཞི”ཡི་རོགས་སྐྱོར་ལས་གཞི་ལ་བདམས་པ་རེད། །

རྩོམ་སྒྲིག་པ། : གངས་བསོད།