ཀྲུང་གོ་བོད་ཀྱི་དྲ་བ།

འགྲན་ཡུན་ཕྱེད་ཀ་ལྷག་འདས་ཟིན་པ་དང་། འགྲན་བསྡུར་སྒྲིག་འཛུགས་ལས་དོན་སྤྱིའི་ཆ་ནས་བརྟན་འཇགས་ངང་འཁོར་སྐྱོད་ཐུབ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཚེས3ཉིན་བརྡ་ཁྱབ་བཏང་བར། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཡུན་ཕྱེད་ཀ་ལྷག་འདས་ཟིན་པ་དང་། འགྲན་བསྡུར་སྒྲིག་འཛུགས་ལས་དོན་སྤྱིའི་ཆ་ནས་བརྟན་པོ་ཡིན་ཅིང་། འགྲན་བསྡུར་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད།

ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་ལུས་རྩལ་འགྲན་བསྡུར་པུའི(ངར་སྐྱེད་སྨན་འགོག་པའི་སྡེ་ཁག)ཆེད་བསྐོས་པུའུ་ཀྲང་གཞོན་པ་ལིའུ་གོ་རུང་གིས་ངོ་སྤྲོད་བྱས་པར། འགྲན་བསྡུར་ཉིན་གྲངས་ལ་གཞིགས་ན། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་དུས་མཚམས་སྔ་མར་ཁྱོན་མི་ཐེངས8593འགྲན་བསྡུར་ནང་ཞུགས་པ་དང་། མི་ཐེངས4521གི་ལག་རྩལ་དཔོན་རིགས་ཤན་འབྱེད་ནང་ཞུགས་ཡོད་ཅིང་། རྣམ་གྲངས111གི་བྱ་དགའ་སྤྲོད་པའི་མཛད་སྒོ་བདེ་བླག་ངང་གྲུབ་ཡོད།

ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་དུས་མཚམས་སྔ་མའི་འགྲན་བསྡུར་ནང་། ཁྱོན་རུ་ཁག་སོ་སོའི་མི8ཡིས་སྐྱེས་པའི་སྨི10ཡི་དབུགས་ལྡན་མེ་མདའ་ཚོགས་པའི་འགྲན་བསྡུར་དང་། བུད་མེད་སྐོར་གྱི་སྨི50ཡི་ཕྱེ་ལེབ་རྣམ་པའི་ཆུ་རྐྱལ་འགྲན་བསྡུར། སྐྱེས་པའི་སྨི100ཡི་སྦལ་རྐྱལ་འགྲན་བསྡུར། བུད་མེད་ཀྱི4×སྨི100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར། བུད་མེད་ཀྱི4×སྨི100ཡི་མཉམ་བསྲེས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར་སོགས་རྣམ་གྲངས་ཆུང་གྲས5ཡིས་འགྲན་བསྡུར་གྱི་ཟིན་ཐོ་བཏོད་ཡོད། ངར་སྐྱེད་སྨན་འགོག་པའི“ས་ཚུགས་གཉིས་དང་ལྟེ་བ་གཅིག”གི་འཁོར་སྐྱོད་རྒྱུན་ལྡན་རེད།

རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབྱར་དུས་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རེན་ཀྲའོ་ཅིན་གྱིས་བསྟན་དོན། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་དང་འཐུས་མི་ཚོགས་པ་ཁག་གི་བསམ་བློ་བརྗེ་རེས་ཟབ་མོ་བྱས་ཤིང་། འཐུས་མི་ཚོགས་པ་ཡོངས་ཀྱིས་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཁས་ལེན་ཆེན་པོ་ཐོབ། ཁས་ལེན་དེ་རིགས་ནི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་དེ་བས་ཀྱང་ཁྲེང་ཏུའུ་ལ་ཁས་ལེན་བྱས་པ་ཞིག་ཀྱང་ཡིན། ང་ཚོས་ཁྲེང་ཏུའུ་འཛམ་གླིང་ལ་ཕྱོགས་རྒྱུ་དང་། འཛམ་གླིང་ས་ཕྱོགས་ཁག་གི་སྐུ་མགྲོན་ཁྲེང་ཏུར་གདན་འདྲེན་ཞུ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།