ཀྲུང་གོ་བོད་ཀྱི་དྲ་བ།

​འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྤེལ་སྐབས་ཀྱི་ཚན་རྩལ་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་དགའ་བསུ་ཆེན་པོ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས30ཉིན་ནི། ཁྲེང་ཏུའུ་སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་རྗེས་ཀྱི་ཉིན་གཉིས་པ་རེད། ཀྲུང་གོའི་འཐུས་མི་ཚོགས་པར་ཚེས29ཉིན་གསེར་གྱི་རྟགས་མ9ཐོབ་ཅིང་། གསེར་གྱི་རྟགས་མ13དང་། དངུལ་གྱི་རྟགས་མ4། ཟངས་ཀྱི་རྟགས་མ3བཅས་ཁྱོན་རྟགས་མ20བླངས་ཏེ། གནས་སྐབས་སུ། གསེར་གྱི་རྟགས་མའི་གྲངས་དང་རྟགས་མའི་གྲངས་ཆེས་མང་བའི་ཚོགས་པར་གྱུར་ཡོད། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཐོག མཐོ་གསར་ཚན་རྩལ་སྒྲིག་ཆས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་རྣམ་གྲངས་འགྲེམས་སྟོན་བྱས་པར་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་གཞོན་ནུ་ཚོའི་དགའ་བསུ་དང་བསྔགས་བརྗོད་མང་པོ་ཐོབ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།