ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཁྲོད་ཀྲུང་གོའི་རུ་ཁག་ནི་མུ་མཐུད་དུ་གཟེངས་རྟགས་ཐོབ་ཚད་ཆེས་མང་ཤོས་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲེང་ཏུའུ་ཡི་སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྤེལ་བཞིན་ཡོད། ཟླ8པའི་ཚེས1ཉིན། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ27དང་དངུལ་གྱི་རྟགས་མ9། ཟངས་ཀྱི་རྟགས་མ10བཅས་ཀྱི་གྲུབ་འབྲས་ཐོག་ནས་མུ་མཐུད་དུ་རྟགས་མའི་གྲངས་འབོར་ཆེས་མང་པ་དེ་བཟུང་ཡོད། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱིས་ལང་ཚོའི་བཀྲག་མདངས་དང་ལུས་རྩལ་གྱི་སྙིང་སྟོབས་གང་ལེགས་ཀྱིས་མངོན་ཡོད་ཅིང་། ལང་ཚོའི་གསོན་ཤུགས་ལ་བརྟེན་ནས་འཛམ་གླིང་གི་མཐུན་སྒྲིལ་དང་ཞི་བདེར་སྐུལ་འདེད་གཏོང་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།