ཀྲུང་གོ་བོད་ཀྱི་དྲ་བ།

མཛོད་དགེ་རྫོང་གིས་སྤྱི་ཕན་གློག་བརྙན་བསྟན་ཏེ་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་།

ཡོང་ཁུངས། : མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།   རྩོམ་པ་པོ། : དཔལ་མགོན།   སྤེལ་དུས། : 2023-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་སྡོད་དང་ལས་ཞུགས་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་སྔར་ལས་ལེགས་པར་བསྐྲུན་ཏེ།  མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་ནས།  རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེར་གཏོང་ཆེད།  ཟླ8པའི་ཚེས1ཉིན། མཛོད་དགེ་རྫོང་གིས་སྤྱི་ཕན་གློག་བརྙན་གྲོང་གསེབ་ཏུ་བསྐྱལ་བའི་བྱེད་སྒོ་རྐྱང་ཚ་ཡུལ་ཚོའི་སྐྱེ་རྒུད་སྡེ་བར་སྤེལ་ཏེ།  བརྩེ་བ་དང་དྲོད་ཁོལ་ལྡན་པའི་སྤྱི་ཕན་གློག་བརྙན་གྱིས་གྲོང་གསེབ་ཀྱི་དགོང་མོའི་འཚོ་བ་ཕུན་ཚོགས་སུ་བཏང་ནས།  མི་སེར་ལ་གློག་བརྙན་གྱི་གསོལ་སྟོན་ལེགས་པར་དྲངས།

1.jpg

བྱེད་སྒོའི་དགོང་མོ་དེར་བཞག་ལྡོམ་ས་ཁུལ་གྱི་གློག་བརྙན་སྟོན་མཁན་ཡུལ་དངོས་སུ་སླེབས་ཏེ་བརྙན་ཡོལ་འཐེན་ཞིང་།  སྡེ་དམངས་རྣམས་ཀྱིས་དགོང་ཟས་ཟོས་རྗེས་སྔ་མོ་ནས་གློག་བརྙན་སྟོན་ཡུལ་དུ་སླེབས་ཏེ།  ཡུལ་དངོས་ནས་གློག་བརྙན་དང་གསར་འགྱུར།  སྤྱིར་བཏང་གི་འཚོ་བ་སོགས་ཀྱི་སྐོར་ནས་ཁ་བརྡ་སྒོས།   ཕན་ཚུན་འཚམས་འདྲི་དང་མཛའ་བརྩེའི་གླེང་མོར་རོལ།   སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་གློག་བརྙན་སྟོན་ཡུལ་དུ་སླེབས་ཏེ།  གློག་བརྙན་སྒྱུ་རྩལ་ལ་རོལ་བའི་བརྒྱུད་རིམ་ཁྲོད།   ཚང་མར་སྤྲོ་སྣང་དང་སེམས་འགུལ་ཆེན་པོ་བསླངས་པས། ཡུལ་དངོས་འཆམ་མཐུན་དང་བརྩེ་བས་ཕྱུག་ཅིང་།  དགོང་མོའི་འཚོ་བ་ཕུན་སུམ་ཚོགས་པས།  སྡེ་དམངས་རྣམས་ཀྱི་དགའ་བསུ་གང་ལེགས་ཐོབ།

ད་ལྟ་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བས།  རང་ཁྱིམ་དུ་བརྙན་འཕྲིན་ཡོད་ཀྱང་ལག་ཁྱེར་ཁ་པར་བརྒྱུད་དེ་གློག་བརྙན་ལའང་ལྟ་ཐུབ།   ཡིན་ཡང་ང་ཚོ་སྔར་བཞིན་ཆུང་དུས་ཚང་མ་དང་མཉམ་དུ་ཐང་ནས་གློག་བརྙན་ལ་ལྟ་བའི་ཚོར་སྣང་སྐྱིད་པོ་དེ་ཡང་ཡང་དྲན་ཡོང་།  ཏང་དང་སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞེས།  རྐྱང་ཚ་ཡུལ་ཚོའི་སྐྱེ་རྒུད་སྡེ་བའི་སྡེ་དམངས་སྒྲོལ་མ་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་བཤད།

རྐྱང་ཚ་ཡུལ་ཚོའི་སྐྱེ་རྒུད་སྡེ་བའི་སྡེ་དམངས་སྒྲོལ་མ་ཚེ་རིང་གིས་བཤད་རྒྱུར།  དེ་རིང་ཞིང་གྲོང་གི་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་བས།  གློག་བརྙན་ལ་ལྟ་ཡོང་མཁན་ཤིན་ཏུ་མང་ལ།  སྐྱེས་ཕོ་མོ་རྒན་གཞོན་ཚང་མ་གློག་བརྙན་ལ་ལྟ་རྒྱུར་ཧ་ཅང་དགའ་ཟེར།

3.jpg

ཟླ7པ་དང8པར་ཡུལ་གྲོང་སོ་སོའི་མང་ཚོགས་དབྱར་སྟོན་ལ་རོལ་ཞིང་།   སྡེ་བ་སོ་སོའི་མི་སྣ་མཉམ་འཛོམས་ཀྱི་དུས་སྐབས་བཟང་ཤོས་ཡིན་པས།  མཛོད་དགེ་རྫོང་གིས་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་ཏེ།  རྒྱ་ཆེའི་ཞིང་གྲོང་གི་གཞི་རིམ་མང་ཚོགས་ལ་བསམ་བློའི་རྒྱགས་ཕྱེ་བསྐྱལ་བར་མ་ཟད།   དཔལ་ཡོན་ལྡན་པའི་སྲོལ་བཟང་ལེགས་པར་བསྐྱལ་ཏེ།  རོལ་རྩེད་རྣམ་པའི་སློབ་གསོའི་ལམ་ནས་དོན་དམ་པར་རིག་གནས་ཀྱིས་དམངས་ལ་ཕན་པ་བསྐྲུན་ཞིང་ཞབས་འདེགས་ཞུས།   རྗེས་སོར་མཛོད་དགེ་རྫོང་གིས་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་གློག་བརྙན་བདམངས་ཏེ།   གཞི་རིམ་དུ་བསྐྱལ་བའི་བྱེད་སྒོ་སྤེལ་ནས།  མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ།   ཞིང་གྲོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་སྒོས།   མཛེས་སྡུག་ལྡན་ཞིང་གཞིས་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།