ཀྲུང་གོ་བོད་ཀྱི་དྲ་བ།

“དོམ་ཁྲའི་ཁྱིམ་གཞིས·ས་གཙང་རྔ་བ”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཨེ་ཅིབ་ནས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་ཁའེ་ལའོ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“དོམ་ཁྲའི་ཁྱིམ་གཞིས·ས་གཙང་རྔ་བ”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟླ8པའི་ཚེས1ཉིན་གྱི་དགོང་མོར་ཁའེ་ལའོ་ཀྲུང་གོ་རིག་གནས་ལྟེ་གནས་ནས་བསྡུས་པ་རེད།

ཨེ་རིབ་ནས་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་བློ་འདྲི་འམ་ཁའེ་ལའོ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་རོང་ཧའོ་ཡིས་བསྟན་དོན། ལྟེ་གནས་དེ་ཡིས་སྒྱུ་རྩལ་འཁྲབ་སྟོན་དང་པར་རིས་འགྲེམ་སྟོན། ཟས་མངར་རོལ་མྱོང་། ཀྲུང་གོའི་ཡུལ་སྐོར་དམིགས་སའི་ཁྱད་ཆོས་ལྡན་པའི་དྲན་རྟེན་ཐོན་རྫས་སྤྲོད་པ་སོགས་ཀྱི་བྱ་འགུལ་རྩ་འཛུགས་བརྒྱུད། ཀྲུང་གོ་དང་ཨེ་ཅིབ་བར་གྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། ཨེ་ཅིབ་མང་ཚོགས་ལ་ཀྲུང་གོའི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་ཡོད་ཅེས་བརྗོད།  

སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འམ་རྔ་བ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིན་གྱིས། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ལ། གནས་དེ་རུ“བྱིས་སྒྲུང་གི་ཞིང་ཁམས”ལྟ་བུའི་གཟི་ཚྭ་སྡེ་དགུ་དང“མི་ཡུལ་གྱི་རྫིང་བུ”ཧོང་ལུང་། སི་ཁྲོན་དོམ་ཁྲའི་འཚོ་སྡོད་བྱེད་ས་བཅས་འཛམ་གླིང་རང་བྱུང་ཤུལ་བཞག་གནས3ཡོད་པས། ལྷག་བསམ་དག་པའི་ངང་ཁའེ་ལའོ་མི་དམངས་རྔ་བ་ཁུལ་དུ་ཡུལ་སྐོར་དུ་ཡོང་བ་དང་མ་དངུལ་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་ཅེས་བཤད། 

ཨེ་ཅིབ་ཡུལ་སྐོར་སྐུལ་འདེད་ཅུའུ་ཡི་ཀྲུའུ་ཞི་ཨ་མུའུ་ལའོ·ཁཱ་ཏི་ཡིས་བསྟན་དོན། ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་བར་གྱི་རིག་གནས་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་པ་དང་། ཐེངས་འདིའི་བྱ་འགུལ་གྱིས་ཨེ་ཅིབ་དང་ཀྲུ་གོའི་ཡུལ་སྐོར་ཁེ་ལས་མཉམ་འབྲེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།