ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱ་བསྐྱེད)སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱ་བསྐྱེད)སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ཏུ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའམ་ཀྲུ་ཅང་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝང་ཅན་གྱིས་ཁ་བྱང་ལ“AIདངAI+། AIརྨང་གཞིའི་སྒྲིག་བཀོད་དང་ཚན་རྩལ་གསར་གཏོད། ཐོན་ལས་གསར་བརྗེ་དང་གྲོང་ཁྱེར་བཅོས་སྐྱོང”ཞེས་པའི་མཛུབ་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་བྱ་བར་བཀོད་སྒྲིག་བྱས།

ཝང་ཅན་གྱིས་མི་ཐབས་རིག་ནུས་ཀྱི་འཕེལ་རིམ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་བརྗེ། ཐོན་སྐྱེད་འཚོ་བ། དེ་མིན་མདུན་གྲལ་གྱི་གནས་བབ་སོགས་ལ་ཇི་ལྟར་འགྱུར་བ་གཏོང་དགོས་ཚུལ་སོགས་ལ་གཞིར་བཟུང་སྟེ་འགྲེལ་བ་ཞིབ་མོ་བརྒྱབ། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་དང་གློག་ནུས་མཐུན་སྦྱོར་དེ་རྒྱལ་ཡོངས་ནས་སྔོན་ལ་ཚོད་ལྟ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། མི་ཐབས་རིག་ནུས་ཀྱི་དུས་རབས་འདིར་མཚོ་སྔོན་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན་ཏེ། ཀུན་གྱི་བློ་སྒོ་འབྱེད་ཅིང་མཐོང་རྒྱ་བསྐྱེད་པའི་མཛུབ་ཁྲིད་གང་ལེགས་གནང་།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ཀྱིས་སྔར་བྱུང་མ་མྱོང་བའི་ཁྱབ་ཚད་དང་གཏིང་ཚད་ཀྱིས་འཛམ་གླིང་འགྲན་སྡུར་གྱི་རྣམ་པ་དང་དཔལ་འབྱོར་སྒྲིག་གཞི། བཅོས་སྐྱོང་རྣམ་པ་བཅས་བསྐྱར་སྐྲུན་བྱེད་བཞིན་ཡོད་པས་འཕེལ་རྒྱས་ཀྱི་རྣམ་པ་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། མི་ཐབས་རིག་ནུས་ཀྱི་དུས་རབས་འདིར། མཚོ་སྔོན་ངེས་པར་དུ་ཟབ་ཞུགས་བྱེད་དགོས་པ་མ་ཟད་བྱས་རྗེས་ཀྱང་ཆེན་པོ་འཇོག་དགོས་ལ། བྲེལ་འཚུབ་འདུ་ཤེས་དང་གོ་སྐབས་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ་དང་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་གནས་བབ་ཆེན་པོ་དང་བསྟུན་པ། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་དམ་དུ་དམིགས་པ་དང་། མི་ཐབས་རིག་ནུས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་བསྩོལ་དགོས། འཕེལ་རྒྱས་ཀྱི་ཆོད་སེམས་བརྟན་པོ་དང་བགྲོད་ལམ་གྱི་ཁ་ཕྱོགས་འགྱུར་མེད་བརྟན་པོ་ཡིན་པ། མི་ཐབས་རིག་ནུས་དང་མཚོ་སྔོན་གྱི་ཟུང་འབྲེལ་བྱེད་ཡུལ་ལ་བྱང་ཆུད་པར་བྱེད་པ། འཆར་གཞི་ལེགས་པོ་འཐེན་ནས་ལག་ལེན་ཏུ་བསྟར་བ་དང་། གནས་བབ་དང་བསྟུན་ནས་མདུན་དུ་སྐྱོད་པ། ལྗང་མདོག་རྩིས་ནུས་དང་གློག་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དགེ་མཚན་དེ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྒྱལ་ཁ་རུ་བསྒྱུར་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྒྲིག་སྲོལ་དང་ལག་རྩལ། ཚད་གཞི། ཐོན་ལས་གསར་གཏོད་བཅས་ཀྱི་སྟེང་ལ་ཤུགས་བསྣན་ནས་ཐོན་སྐྱེད་ནུས་ཤུགས་དང་སྐྱེ་ཁམས་ཕྲེང་འབྲེལ་མགྱོགས་མྱུར་ངང་ཆགས་སུ་འཇུག་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མི་ཐབས་རིག་ནུས་ཀྱི་སློབ་ཁྲིད་གལ་ཆེན་འདིར་ངེས་པར་དུ་ཞུགས་པ་དང་། སྔར་བས་མཐོང་རྒྱ་བསྐྱེད་པ་དང་གསར་གཏོད་བྱེད་ཕོད་པ། འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཚོད་འཛིན་བྱས་ཏེ། མི་ཐབས་རིག་ནུས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་གང་ལེགས་བྱེད་དུ་འཇུག་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། མིག་སྔར་མི་ཐབས་རིག་ནུས་དབྱར་མཚོ་ལྟར་འཕེལ་རྒྱས་བྱུང་བཞིན་ཡོད་པས། གོ་སྐབས་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་བྱེད་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་དང་གློག་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་། མི་ཐབས་རིག་ནུས་རྨང་གཞིའི་གཞི་གྲངས་ཞབས་འདེགས་ཚོད་ལྟ་ཁུལ། ཁྱད་ལྡན་ཁྱབ་ཁོངས་རིག་ནུས་ཅན་གྱི་དཔེ་སྟོན་ཁུལ། ས་མཐོའི་ཁྱད་ལྡན་རིག་ནུས་ཐོན་རྫས་བེད་སྤྱོད་སྔོན་སྐྱོད་ཁུལ་བཅས་གསར་སྐྲུན་བྱས་ཏེ། ཁྱད་ཆོས་ཅན་དང་བར་ཁྱད་ཅན་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་བགྲོད་ལམ་སྟེང་ཞུགས་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་ཐོན་ཁུངས་དགེ་མཚན་དང་། ཡུལ་གནས་ཆ་རྐྱེན། ཐོན་ལས་རྨང་གཞི་བཅས་ལ་ཕྱོགས་བསྡུས་ངང་བསམ་བློ་བཏང་ནས་དགེ་མཚན་གསབ་རེས་དང་ཁྱད་ཆོས་འབུར་ཐོན། དུས་བགོས་འཕེལ་རྒྱས་བཅས་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་སུ་འཇུག་དགོས། “དྲག་རྩིས” དང“བསྡུས་གྲངས”“རིག་གཏོད”སོགས་འགུལ་སྐྱོད་དྲུག་གཙོ་བོར་བཟུང་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གང་ལེགས། སྲིད་ཇུས་ཀྱི་རྒྱབ་སྐྱོར། དྲིལ་སྒྲོག་སྣེ་ཁྲིད་བཅས་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་མི་ཐབས་རིག་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁུངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་སྡེ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས། མཐོ་རིམ་སློབ་གྲྭ། ཟི་ལིང་ན་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་བཞིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་བློ་མཐུན་འགན་ཁུར་པ་གཙོ་བོ་དག་ཚོགས་ར་གཙོ་བོར་ཞུགས།

ཚོགས་འདུའི་སྔོན་དུ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ཝང་ཅན་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས། ལུའུ་ཁྲའོ་བཞུགས་མོལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་སྐྱིད།