ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། རྒྱལ་ཁབ་ཁྲལ་བསྡུ་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་བསྡུ་ཅུས་ཀྱིས་གནས་ཚུལ་སྤེལ་ཏེ། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ནས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་སྐབས་བརྟན་པོ་བཅས་སྲིད་ཇུས་བྱེད་ཐབས་སོ་སོ་དངོས་འབེབས་བྱེད་པར་ཤུགས་བསྣན་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད་ཟེར། ཁྲལ་བསྡུའི་གཞི་གྲངས་ལྟར་ན། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མངོན་ཡོད།

ཁུལ་ཁོངས་བརྒལ་བའི་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་བྱུང་ཡོད། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཚོང་ར་གཙོ་བོའི་ཞིང་ཆེན་ཕྱིའི་ཉོ་སྒྲུབ་ཚོང་རྫས་དང་ཞབས་ཞུའི་ཐད་ནས་བླངས་པའི་འབྱོར་འཛིན་མ་དངུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཉོ་སྒྲུབ་འབྱོར་འཛིན་གྱི་སྤྱིའི་མ་དངུལ་གྱི49.9%ཟིན་ཡོད། མཚོ་སྔོན་དང་ཞིང་ཆེན་གཞན་པའི་ཉོ་འཚོང་འགྲོ་འོང་གི་མ་དངུལ་དེ་དུས་མཉམ་ལས་ཆ་སྙོམ་གྱིས5.5%ཡན་ལ་འཕར་བ་དང་། ཆེས་མཐོ་བ40.6%ལ་སླེབས་ཡོད་ལ། ཞིང་ཆེན་བར་གྱི་དཔལ་འབྱོར་འགྲོ་འོང་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཕྱིར་ཚོང་ཐོན་རྫས་དང་ཞབས་ཞུའི་ཐད་ཀྱི་འབྱོར་འཛིན་མ་དངུལ་གྱི་ཞིང་ཆེན་ཡོངས་ཀྱི་འབྱོར་འཛིན་ཕྱིར་འཚོང་བསྡོམས་འབོར་གྱི46.8%ཡོད་ལ། རང་བྱུང་སོལ་རླངས་དང་གློག་ཤུགས། མདོག་ལྡན་ལྕགས་རིགས་བཙོ་སྦྱང་ཐོན་རྫས་སོགས་དགེ་མཚན་ལྡན་པའི་ཐོན་ཁུངས་ཐོན་རྫས་ཕྱིར་འཚོང་ཚད་ཅུང་མཐོ་ཞིང་། འབྱོར་འཛིན་མ་དངུལ་དེ་དུས་མཉམ་ལས15.4%ལ་འཕར་ཡོད།

ཕྱིར་གཏོང་ཁྲལ་སློག་གི་གཞི་གྲངས་ལྟར་ན། ལོ་སྟོད་དུ་ཁྲལ་བསྡུ་སྡེ་ཁག་གིས་བསྡོམས་པས་ཆ་རྐྱེན་དང་མཐུན་པའི་ནུས་ཁུངས་གསར་བའི་ཐོན་རྫས་དང་། ཁྱད་ལྡན་ཞིང་ཞོར་ཐོན་རྫས། རྗས་འགྱུར་བཟོ་ལས་གཙོ་བོའི་ཐོན་རྫས་ཕྱིར་གཏོང་ཁེ་ལས་ཀྱི་ཕྱིར་གཏོང་ཁྲལ་སློག་སྒྲུབ་ཚད་དུས་མཉམ་ལས་ལྡབ1.67འཕར་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཕྱི་ཕྱོགས་ཀྱི་སྒུལ་ཤུགས་ཁ་སྣོན་བྱས། དུས་མཉམ་དུ། རྒྱལ་ནང་དང་རྒྱལ་སྤྱིའི་ཉོ་ཚོང་ཇེ་མང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུ་དང་། ལྕགས་ལམ་སྐྱེལ་འདྲེན། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་འབྱོར་འཛིན་ཕྱིར་ཚོང་ཡོངས་འབབ་དུས་མཉམ་ལས་ཆ་སྙོམ་གྱིས15%འཕར་བར་སྐུལ་ཁྲིད་བྱས་ཡོད།

ཡུལ་སྐོར་ཚོང་རའི་གསོན་ཤུགས་རྒྱས་སུ་བཅུག རྒྱལ་ཁབ་ཀྱིས་ཡུལ་སྐོར་ཚོང་རའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འཁེལ་སྒོས་དངོས་འབེབས་བྱས་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་དུས་ཚིགས་བབ་བསྟུན་དང་། དུས་ཆེན་གུང་གསེང་། ལུས་རྩལ་འགྲན་སྡུར་སོགས་འདེགས་གཞི་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་པ་སྣ་མང་གི་འགྲེམ་སྤེལ་བྱ་འགུལ་སྤེལ་བར་རྩ་འཛུགས་ཞིབ་ཚགས་བྱས་ནས། ཡུལ་སྐོར་ཚོང་རའི་ཐད་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁང་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་འབྱོར་འཛིན་ཕྱིར་ཚོང་ཡོང་འབབ་དུས་མཉམ་ལས36.7%འཕར་བ་དང་། རིག་གནས་ཡུལ་སྐོར་ཞབས་ཞུ་དང་། ལུས་རྩལ་འགྲན་སྡུར་རྩ་འཛུགས་སོགས་འབྲེལ་ཡོད་བདག་གཉེར་གཙོ་བོའི་འབྱོར་འཛིན་ཕྱིར་ཚོང་ཡོང་འབབ་དུས་མཉམ་ལས་ཆ་སྙོམ་གྱིས་འཕར་བ་མངོན་འགྱུར་བྱུང་།

དམངས་ཚིས་ཁྱབ་ཁོངས་སུ་སྐྱེ་སྟོབས་ཀྱི་རྣམ་པ་མངོན། ཞིང་ཆེན་ཡོངས་སུ་དམངས་ཚིས་དོན་དངོས་ལས་གཞི་ཆེ་གྲས45ཁྱབ་བསྒྲགས་བྱས་པའི་ཚུན་དུ། དམངས་ཚིས་ཁྱབ་ཁོངས་ཀྱི་ཚོང་ར་རྒྱ་བསྐྱེད་པར་སྐུལ་ཁྲིད་དང་། བདག་གཉེར་ནུས་འཕར་གྱི་གྲུབ་འབྲས་མངོན་གསལ་རེད། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཞབས་ཞུའི་ལས་རིགས་དང་། འཕྲུལ་སྒུལ་འཁོར་ལོའི་གློག་རྡུལ་ཐོན་རྫས་དང་རྒྱུན་སྤྱོད་ཐོན་རྫས་ཞིག་གསོ་ལས་རིགས་ཀྱི་འབྱོར་འཛིན་ཕྱིར་ཚོང་ཡོང་འབབ་ཆ་སྙོམས་ཀྱིས11%ཡན་ལ་འཕར། གཙོ་བོ་གཉིས་དང་གསར་བ་གཉིས་ཀྱི་སྲིད་ཇུས་རྒྱབ་སྐྱོར་གྱི་སྐུལ་ཁྲིད་བྱས་འོག ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་རིགས་བརྟན་པོར་འཕེལ་རྒྱས་སུ་སོང་བ་དང་། སྡོད་ཁང་མཛེས་སྤྲོས་ཞིག་གསོ་ལས་རིགས་ཀྱི་འབྱོར་འཛིན་ཕྱིར་ཚོང་ཡོང་འབབ་དུས་མཉམ་ལས70.4%ལ་འཕར། དུས་མཉམ་དུ། སློབ་གསོའི་གཞོགས་འདེགས་དང་། དམིགས་བསལ་སློབ་གསོའི་ལས་རིགས་འཕར་སྣོན་བྱུང་བ་མགྱོགས་ཤིང་། ས་ཁང་བདག་ཁོངས་དང་གླས་གཏོང་ལས་རིགས་ཀྱི་ཉོ་ཚོང་རྒྱུན་ཆད་ཀྱིན་མེད་ལ། ཞབས་ཞུའི་འདོན་སྤྲོད་སྔར་ལས་ཇེ་ལེགས་སུ་གྱུར་ཏེ། དམངས་ཚིས་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྦས་ཤུགས་རྒྱུན་མ་ཆད་པར་ཕྱིར་གཏོང་བཞིན་ཡོད། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : རིག་ལྡན་རྒྱ་མཚོ།