ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་གཅན་ཚ་རྫོང་ཡན་ལག་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། གསང་བདག་རྒྱལ། རྡོ་རྗེ་སྐྱིད།)ཟླ8ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཡན་ལག་ཚོགས་རའི་འགྲན་རིམ་གཅན་ཚ་རྫོང་གཡང་མདའ་ལུས་རྩལ་ར་བ་དང་ཁམས་རའི་ཁྱད་ལྡན་ལུས་རྩལ་གྲོང་རྡལ་དུ་ཚོགས་མགོ་བརྩམས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བྱས་པ་ཡིན། དེ་ལ་རྔམ་མཐུག་པའི་རིག་གནས་ཀྱི་ཉིང་བཅུད་དང་གཏིང་ཟབ་པའི་དུས་རབས་ཀྱི་དོན་སྙིང་ལྡན།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རིམ་པའི་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་གཙོ་སྐུད་དུ་འཛིན་པ། “མི་རིགས་མཐུན་སྒྲིལ་ཡོང་བའི་སྤྲོ་ཚོགས་དང་དམངས་ཀྱིས་ལུས་རྩལ་ངོམ་པའི་སྤྲོ་ཚོགས”ཞེས་པའི་གཞི་རྩའི་གོ་གནས་འདི་དམ་དུ་འཆང་བ། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སྟོབས་ཆེན་པོས་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་དེ་ཡིན།

གཅན་ཚ་རྫོང་ཡན་ལག་ཚོགས་རར་བརྟེན་ནས། ལུས་རྩལ་འགྲན་ཚོགས་ཆེན་མོ་འདིར་ཐུན་མོང་མ་ཡིན་པའི་ཡུལ་ཁོངས་ཀྱི་མཛེས་སྡུག་རྨད་དུ་བྱུང་བ་ཞིག་བསྣན་ཡོད། གཡང་མདའ་ལུས་རྩལ་ར་བ་དང་ཁམས་རའི་ཁྱད་ལྡན་ལུས་རྩལ་གྲོང་རྡལ་ཆུང་ཆུང་དེ་གཉིས་མི་རིགས་ལུས་རྩལ་གྱི་རྩལ་ནུས་ངོམ་སའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཅིང་། མི་རིགས་ཀྱི་དྲག་རྩལ་དང་མདའ་འཕེན་འགྲན་གནས་འདི་ན་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་རྣམ་གྲངས་འདི་དག་ནི་སྟོབས་ཤུགས་དང་ཐབས་རྩལ་གྱི་འགྲན་སྡུར་ཞིག་ཡིན་ཞིང་། དེ་ལ་མི་རིགས་སོ་སོའི་ཤེས་རབ་ཀྱི་རྩལ་དང་རིག་གནས་ཀྱི་བཅུད་འདུས་ཡོད།

ཐེངས་འདིའི་གཅན་ཚ་རྫོང་ཡན་ལག་ཚོགས་རའི་འགྲན་སྡུར་འཚོགས་པ་ནི། མི་རིགས་སོ་སོའི་ལུས་རྩལ་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། ས་གནས་ཀྱི་ཁྱད་ལྡན་མི་རིགས་ལུས་རྩལ་རིག་གནས་ངོམ་པའི་སྟེགས་བུ་ལེགས་པོ་ཞིག་ཀྱང་ཡིན། མི་རིགས་སོ་སོའི་ལུས་རྩལ་པས་གནས་འདི་ནས་ཕན་ཚུན་འགྲན་སྡུར་དང་གླེང་མོལ་དང་སློབ་སྦྱོང་བཅས་བྱས་ཤིང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་དམངས་ཡོངས་ལུས་སྦྱོང་འཐབ་ཇུས་ལག་ལེན་དུ་འདེབས་པར་གསོན་ཤུགས་གསར་པ་བསྩལ་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་རོགས་ཤུགས་བཏོན་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་སྟོབས་ཤུགས་ཆེན་པོ་སྐྱེས་སུ་ཕུལ་ཡོད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : མཁའ་མཚོ་སྐྱིད།