ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་བཅོས་གསོ་སྤེལ་ས་ཚིགས་ལ་འཚོལ་རྟོག་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

undefined

པར་འདི་ནི་ཟླ7པའི་ཚེས23ཉིན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ནས་པར་བླངས་པའི་མྱུར་སྐྱོབ་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་གནའ་རེད།

undefined

པར་འདི་ནི་ཟླ7པའི་ཚེས23ཉིན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ནས་ལས་དོན་པས་མྱུར་སྐྱོབ་བྱས་པའི་གཙོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

undefined

པར་འདི་ནི་ཟླ7པའི་ཚེས23ཉིན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ནས་ལག་རྩལ་པ་ཞུས་ཧྥུན་དབྱི་ཡིས་མྱུར་སྐྱོབ་བྱས་པའི་ཁ་ཤྭ་ལ་འོ་མ་ལྡུད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་མཐོ་སྒང་གི་ཤར་བྱང་མཚམས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ཏེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས(གཤམ་ནས"བཅོས་སྐྱོབ་ས་ཚིགས"ཞེས་བསྡུ་རྒྱུ)ཤིག་ཡོད་པ་དང་། བཅོས་སྐྱོབ་ས་ཚིགས་དེ་ཨ་རིག་ཞང་མངའ་ཁོངས་ཀྱི་མདོ་ལ་རི་འདབས་ཨ་མྱེས་དུང་སོ5Aརིམ་པའི་མཛེས་ལྗོངས་ཁུལ་དུ་གནས་ཡོད། མཚོ་འཕགས་སྨི3000ལ་ཉེ། དེ་ནི་མཚོ་བོད་མཐོ་སྒང་་གི་བྱེད་ནུས་ཚང་ཞིང་སྒྲིག་ཆས་སྔོན་ཐོན་ཡིན་པ། བཅོས་སྐྱོབ་བྱེད་པར་སྟབས་བདེ་ཡིན་པའི་རི་སྐྱེས་སྲོག་ཆགས་ཀྱི་བཅོས་སྐྱོབ་དང་གསོ་སྤེལ་རྟེན་གཞི་ཞིག་རེད།

བཅོས་སྐྱོབ་ས་ཚིགས་ཀྱིས་གཙོ་བོ་རི་སྐྱེས་སྲོག་ཆགས་ཀྱི་སྐྱོབ་བཅོས་དང་། བརྟག་ཞིབ། ལྟ་ཞིབ་ཚད་ལེན། རི་སྐྱེ་སྲོག་ཆགས་སྐྱབས་རྗེས་ཕྱིར་རི་མགོ་བཏང་ནས་ལྟ་ཞིབ་ཚད་ལེན་བྱེད་པ། ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག རང་བྱུང་སློབ་གསོ་མྱོང་དུ་འཇུག་པ་སོགས་ཀྱི་ལས་འགན་ཁུར་ཡོད། མིག་སྔའི་བར། བཅོས་སྐྱོབ་ས་ཚིགས་ཀྱིས་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས36དང་གྲངས་འབོར211ལ་བདག་སྐྱོང་བྱས། དེའི་ཁྲོད་དུ་རི་ཞི་དང་། བྱ་རྒོད། གསའ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས10འདུས།  གནའ་དང་གཙོད་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་རི་སྐྱེས་སྲོག་ཆགས་རིགས17འདུས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་སྐྱིད།