ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། "བདུན་གཅིག"སྔོན་དུ། ཟི་ལིང་གྲོང་ཁྱེར་ཞི་ཐའེ་སྡེ་ཁུལ་ཏང་ཨུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་བྱེད་པ་རྒན་གྲས་ཞབས་ཞུའི་སུའོ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དོན་སྙིང་སྤྱིར་བཏང་མིན་པའི་དམར་པོའི་ཁ་ཆད་ཅིག་གི་ཆེད་དུ་ལྷན་འཛོམས་བྱུང་། བྱ་འགུལ་སྤེལ་བའི་ཡུལ་དངོས་སུ། ཏང་ཡོན་རྣམས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་ལ་བསྐྱར་དྲན་བྱས་ནས་ཏང་དང་མེས་རྒྱལ་ལ་བརྩེ་དུང་ཟབ་མོ་བཅངས་བ་གླུ་རུ་བླངས་བ་དང་། དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པ་དང་ཏང་གི་ཐུགས་ཁུར་བརྒྱུད་སྤྲོད་བྱས། ཐེངས་འདིའི་བྱ་འགུལ་ནི་གསོན་ཉམས་ལྡན་པའི་ཏང་གཤིས་སློབ་གསོ་ཞིག་ཡིན་ལ། དྲོ་སྐྱིད་ལྡན་པའི་ཏང་དང་མང་ཚོགས་བར་གྱི་མཉམ་འགུལ་ཞིག་ཀྱང་ཡིན།