ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་བའི་བ་བཞིའི་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་གསལ་ལྟར་ན། ལྔ་བའི་བ་བཞིའི་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འཕྲལ་བསྟུན་དོ་དམ་པུའུ་ཡི་ལས་དོན་བཀོད་སྒྲིག་དང་། ཞིང་ཆེན་མགོ་ཁྲིད་ཀྱི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོའི་སྒོ་ནས་བདེ་འཇགས་འགོག་ཟོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། འཕྲལ་བསྟུན་བྱེད་ཐབས་དང་འགོག་ཟོན་ཐག་གཅོད། ཆུ་ཚོད24རིང་གི་ལས་རེས་ལས་དོན་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། གུང་གསེང་སྐབས་སུ་རིང་ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་ཐོབ་བྱུང་གི་རང་བྱུང་གནོད་འཚེ་སོགས་ཅུང་ཆེ་བ་དང་རང་བྱུང་གནོད་འཚེ་བྱུང་མེད་པས། གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན།

གུང་གསེང་སྐབས་སུ་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན། གནོད་འཚེའི་དོན་རྐྱེན་གྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ཏེ། འཕྲལ་བསྟུན་གྲ་སྒྲིག་དང་བདེ་འཇགས་འགོག་ཟོན་ལས་དོན་ལ་སྐུལ་འདེད་བཏང་། བླང་བྱ་ལྟར་ས་ཁུལ་སོ་སོས་ས་གཤིས་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཐོག ཐོག་གིས་རྒྱག་པ་དང་ཆུ་ལོག རི་ཉིལ་བ། འདམ་རྡོའི་ཉིལ་བ་སོགས་རང་བྱུང་གནོད་འཚེའི་འགོག་ཟོན་ལ་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་པ། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་མགོ་ཁྲིད་ལས་བྱེད་པས་ལས་གནས་སྟེང་ལས་འཛིན་ཁྲིད་པ་དང་། ཆུ་ཚོད24རིང་གི་ཆེད་མངགས་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། གནམ་གཤིས་གནས་ཚུལ་ལ་དོ་ཁུར་ནན་མོ་བྱས་ཐོག སྔོན་ཚུད་ཉེན་བརྡ་ལ་ཞིབ་འཇུག་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཟོན་གྱི་འདུ་ཤེས་སྤྱད་དེ། དམིགས་བསལ་གྱི་གནམ་གཤིས་ཐད་འཕྲལ་བསྟུན་ཐག་གཅོད་གྲ་སྒྲིག་ཡག་པོ་བྱས།

གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ཐེངས3030རྩ་འཛུགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱས་པ་དང་། ཁེ་ལས4115ལ་ཞིབ་བཤེར་བྱས་པ་དང་མངོན་མེད་རྐྱེན་ངན866ཞིབ་བཤེར་བྱས། མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ལས་འགན་འཁུར་བའི་དམག་འཐབ་གྲ་སྒྲིག་གི་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། བསྡོམས་པས་ཉེན་བརྡ་ཐེངས་19དང་ལེན་བྱས་པ་དང་མེ་གསོད་རོགས་སྐྱོབ་མི་སྣ་མི་ཐེངས219མངགས་པ། མེ་གསོད་རླངས་འཁོར་རླངས་འཁོར་ཐེངས50བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ནགས་ལས། ཕྱུགས་ལས། གཏེར་ལས་ཐོན་སྐྱེར། ཚོང་དོན་བཟོ་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་དང་བང་མཛོད་ལས་རིགས། མི་སྣ་འདུས་ཚད་ཆེ་བའི་གནས་ཡུལ་དང་། དེ་བཞིན་ཡུལ་སྐོར་དང་། ཆུ་གློག་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་ལས་རིགས་ཀྱི་འཁོར་སྐྱོད་གོ་རིམ་ཡོད་པ་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཚེ་རིང་རྒྱ་མཚོ།