ཀྲུང་གོ་བོད་ཀྱི་དྲ་བ།

2025ལོའི་མཚོ་སྔོན་ཞིང་ཆེན་གྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : 桑结加   སྤེལ་དུས། : 2025-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས2025ལོའིརྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཟླ་བའིབྱེད་སྒོའི་མགོ་རྩོམ་མཛད་སྒོ་སྤེལ། མཛད་སྒོའི་རྗེས་སུ། ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱིས2025ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེན་ཟླ་བ་ཞེས་པའི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་སྤེལ་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་དངོས་འབེབས་བྱས་ཤིང་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཧུང་ཡ་མཛད་སྒོར་ཞུགས།

ད་ལོའི་ཟླ6པ་ནི་བདེ་འཇགས་ཐོན་སྐྱེད་ཟླ་བ་ཐེངས24པ་ཡིན། མི་རེ་རེས་བདེ་འཇགས་གླེངཞིངམི་རེ་རེས་འཚུབ་བསྟུན་ཤེས་ཏེ་ཉེ་འཁོར་གྱི་མངོན་མེད་ཉེན་ཁ་རྩད་གཅོད་བྱེདཅེས་པ་བརྗོད་གཞིར་བྱས་ནས། དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་ཉེན་ཁའི་གཏན་འཁེལ་ཚད་གཞི་དང་མང་ཚོགས་ཉེ་འཁོར་གྱི་རྒྱུན་མཐོང་མངོན་མེད་ཉེན་ཁར་དམིགས་ནས་ལེབ་བཤེར་དང་གསལ་འབྱེད། སེལ་བ་སོགས་ཉེ་འཁོར་གྱི་མངོན་མེད་ཉེན་ཁ་རྩད་གཅོད་བྱེད་པའི་བྱེད་སྒོ་རིམ་ཅན་སྤེལ་བ་དང་། མང་ཚོགས་ཀྱི་བདེ་འཇགས་གོམས་གཤིས་ཁྱོན་ཡོངས་ནས་གསོ་སྐྱོང་དང་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཉེན་ཁ་བཤེར་སེལ་ནུས་པ་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འགོག་རྒྱ་ཚགས་དམ་དུ་བསྐྲུན།

བྱེད་སྒོ་འདིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་གནང་པའི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། བདེ་འཇགས་ཐོན་སྐྱེད་འདུ་ཤེས་མི་སེམས་སུ་ཟུག་པ་དང་ལག་ལེན་དུ་བསྟར་བ་དང་། བདེ་འཇགས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཡོངས་དང་གོ་རིམ་ཧྲིལ་བོར་བརྒྱུས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་འགོག་ར་བསྐྲུན་པར་སྐུལ་འདེད་བྱས། ཉེ་འཁོར་གྱི་མངོན་མེད་ཉེན་ཁ་ལ་དམིགས་ནས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་རྒྱ་ཁྱབ་དང་། སྤྱི་ཕན་བརྡ་ཁྱབ། དངོས་ཟིན་གློག་བརྙན། བརྙན་ཐུང་སོགས་སྣ་མང་གི་རྣམ་པར་བརྟེན་ནས་བདེ་འཇགས་གཏམ་རྒྱུད་ཤོད་པ་དང་དཔེ་མཚོན་གྱོད་དོན་དབྱེ་ཞིབ་བྱས་ཏེ་བདེ་འཇགས་འདུ་ཤེས་དེ་རིག་གནས་གཞི་རྒྱུ་ཇི་བཞིན་སྤྱི་ཚོགས་མི་སྒེར་རེ་རེའི་སེམས་སུ་སིམ་པར་བྱས།

མགོ་རྩོམ་མཛད་སྒོ་བརྙན་ལམ་ནས་སྤེལ་བ་དང་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཁོངས་འདུས་སྡེ་ཁག་གི་འགན་འཁུར་པ་བྱེད་སྒོའི་ཚོགས་ར་གཙོ་བོར་ཞུགས་ལ། གྲོང་ཁྱེར་དང་ཁུལ་སོ་སོ་བདེ་འཇགས་ཨུ་ལྷན་དང་འབྲེལ་ཡོད་ཁོངས་འདུས་སྡེ་ཁག་གི་འགན་ཁུར་པ་བྱེད་སྒོའི་ཡན་ལག་ཚོགས་རར་ཞུགས། །

 
རྩོམ་སྒྲིག་པ། : སངས་རྒྱས་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : སངས་རྒྱས་རྒྱལ།