ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ང་ཚོ་རི་ལུང་གི་ཁོངས་སུ་ཡོད་ཀྱང་། ཏང་དང་རྩ་འཛུགས་ཡོད་པས་ང་ཚོར་དཀའ་ངལ་གང་ལ་འཕྲད་ཀྱང་མི་སྐྲག” ཟླ5པའི་ཚེས23ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དབྱར་རྩྭ་དགུན་འབུ་རྐོ་སའི་འབྲོག་པ་མང་ཚོགས་ཀྱིས་དེ་ལྟར་བཤད།
ད་ལོ་ནས་བཟུང་། ནང་ཆེན་རྫོང་གིས་རོང་འབྲོག་ཁུལ་གྱི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་དཔེ་རྣམ་མུ་མཐུད་དུ་ཟབ་མོར་སྤེལ་བ་དང་། དངོས་གཉེར་ཞིབ་ཚགས་ཀྱི་ཞབས་ཞུ་འགན་ལེན་ལ་བརྟེན་ནས། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།
རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས《དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ལས་དོན་ཁྲོད་ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་མིག་དཔེ་ནུས་པ་སྔར་ལས་ལྷག་པར་འདོན་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་ཞབས་ཞུ་བྱེད་ནུས། སྣེ་ཁྲིད་བྱེད་ནུས་བཅས“བྱེད་ནུས་ཆེན་མོ་གསུམ”འབུར་དུ་དོད་པ་དང་ཏང་ཡོན་ལས་བྱེད་པ་དྲིལ་སྒྲོག་པ་དང་དཔེ་སྟོན་པ། འདུམ་འགྲིག་པ་བཅས་ལས“ལས་དོན་པ་ཆེན་མོ་གསུམ”ལེགས་པར་བྱེད་པའི་ཕྱོགས་ནས་འགན་འཁྲི་གསལ་པོ་དང་ཁག་ཁུར་ཇེ་དྲག སེམས་ཤུགས་གཅིག་སྡུད་བྱས་ཏེ། དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ལས་དོན་ལ་ཕན་འབྲས་དངོས་ལེན་པར་སྐུལ་འདེད་བཏང་། དབྱར་རྩྭ་དགུན་འབུ་རྐོ་སའི་རོང་འབྲོག་མང་ཚོགས་ཀྱི་ཁྲེལ་དཀའ་འཕྲལ་སྒུག་གནད་དོན་དང་དམ་པོར་སྦྲེལ་བ་དང་། གནས་སྐབས་ཏང་རྩ་འཛུགས19བཙུགས་པ། “མང་ཚོགས་ཀྱིས་ལས་བཅོལ་བ་དང་། ཀྲི་པུའུ་ཡིས་ལས་མངགས་པ། ཏང་ཡོན་གྱིས་ལས་གཉེར་བའི”ལམ་སྲོལ་བཙུགས་པ། དམངས་བདེ་ཞབས་ཞུ་གནས32སྐྲུན་པ། “ངས་ནི་མང་ཚོགས་ལ་དོན་དངོས་སྒྲུབ་པའི”བྱེད་སྒོ56ཟབ་མོར་སྤེལ་ཏེ། འགལ་བ་རྩོད་གཞི23ཐག་བཅད། དུས་མཚུངས་སུ། རོང་འབྲོག་པའི་ཏང་ཡོན་སློབ་སྦྱོང་སློབ་གསོའི་ལས་དོན་དང་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་ལ་དམིགས་ནས། སྡེ་བ་སྟོབས་ལྡན་འཆད་སྟེགས་དང་སློབ་ཁྲིད་སྐྱེལ་བའི་རུ་ཁག་ཆུང་བ་བཙུགས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་དང་སྲིད་ཇུས་སྒྲིག་ཁྲིམས་ཀློག་འགྲེལ། ཐོག་ཆར་སྔོན་འགོག་སོགས“སློབ་ཁྲིད་རི་ལུང་དུ་སྐྱོད་པའི”བྱེད་སྒོ་དུས་མཉམ་དུ་སྤེལ་ཏེ། ཏང་གི་དར་ཆ་རོང་འབྲོག་ས་ཁུལ་གྱི་ཡུལ་དངོས་དང་པོར་སྐྱོད་པ་དང་ཏང་ཡོན་ཡུལ་དངོས་དང་པོར་རྒྱུག་པ། ནུས་པ་ཡུལ་དངོས་དང་པོར་འདོན་པ་བཅས་མངོན་འགྱུར་བྱས། །