ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2025-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་དང་མ་ལེ་ཞི་ཡ། ཇན་པུའུ་ཀྲའེ་བཅས་ལ་རྒྱལ་དོན་འཚམ་འདྲི་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམ་འདྲི་ནི་ད་ལོའི་དབུ་ཁྲིད་ཕྱི་འབྲེལ་གྱི་ངོ་མཚར་བའི་རྩོམ་མགོ་བརྩམས་པ་ཡིན་ལ། ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཟབ་སྤེལ་དང་ཉེ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེ་ལ་རྒྱུན་རིང་བ་ལྡན་པས། ང་ཚོས་ཏང་ཀྲུང་དབྱང་གི་ཉེ་འཁོར་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་ཚོད་ལ་དམིགས་པ། རང་ཞིང་གི་ལྟོས་བཅས་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་སོགས་ཕྱོགས་རྣམ་ཀུན་གྱི་མཉམ་ལས་ཟབ་སྤེལ་བྱེད་པ། ཁྱབ་ཁོངས་སོ་སོའི་བགྲོ་གླེང་བརྗེ་རེས་ལ་སྐུལ་ཏེ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་གྱི་ཆེ་ཕྱོགས་ལ་སྔར་ལས་ལེགས་པར་ཞབས་འདེགས་ཞུ་དགོས།

ཚོགས་འདུས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཟབ་སྐྱོད་ཟབ་ཕབ་ལ་མུ་མཐུད་དུ་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ལས་དོན་ལ་དམིགས་པ་དང་། ཁྲིམས་སྐྱོང་མཁོ་སྤྲོད་སྔར་ལས་ལྷག་པར་ཇེ་དྲག་ཏུ་གཏོང་བ། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཕྱོད་མཐོར་འདེགས་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཚོང་གཉེར་ཁོར་ཡུག་ལེགས་པོ་མུ་མཐུད་དུ་བསྐྲུན་དགོས། སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ནན་འཛིན་དངོས་འཛིན་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་ཉེས་གསོག་རིགས་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ། འགལ་བ་རྩོད་གཞི་སྔོན་འགོག་འདུམ་འགྲིག་ཐག་གཅོད་ཀྱི་ལམ་སྲོལ་སྣ་མང་འཐུས་ཚང་བཙུགས་ཏེ། ཁྲིམས་སྐྱོང་བགྲོད་ལམ་ཐོག་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གོམ་སྟབས་བརྟན་ལ་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་གྱི་ཆབ་སྲིད་བསམ་གཞིག་དང་མི་དམངས་ལངས་ཕྱོགས་ལ་ངོས་ཟིན་ཟབ་མོར་འདྲོང་བ་དང་ཁོང་དུ་ཟབ་མོར་ཆུད་པ། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དངོས་འབེབས་ནན་ཏན་བྱེད་པ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། དངོས་གཉེར་གོ་ཆོད་ལ་དམིགས་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྟོབས་ལྡན་ཞིང་གོ་རིམ་ལྡན་པས་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་རེ་ཞུ་རིགས་སྣ་ཚོགས་ཏེགཅིག་འཐུས་ལས་སྒྲུབ་དང་དོན་མང་བཀོད་གཏོང་ཐག་གཅོད། ཕྲེང་འབྲེལ་ཡོངས་ཀྱི་ཐག་གཅོདབཅས་མངོན་འགྱུར་བྱ་དགོས།

ཚོགས་འདུས་བསྟན་དོན། ཚན་རྩལ་གསར་གཏོད་ནི་མཚོ་སྔོན་འཕེལ་རྒྱས་ལ་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཁོང་དུ་ཟབ་མོར་ཆུད་པ་དང་། མདེལ་གཉིས་སྐར་གཅིགགི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ལྷག་པར་ལེགས་སྒྱུར་བྱེད་པ། ཚན་རྩལ་གསར་གཏོད་ལས་སྟེགས་མ་ལག་འཐུས་ཚང་འཛུགས་པ། ཚན་རྩལ་སྒོ་འབྱེད་མཉམ་ལས་ཟབ་སྤེལ་གཏོང་བ། ཐོན་ཁུངས་སྔར་ལས་མང་པོ་ཁྱད་ལྡན་དགེ་མཚན་ཐོན་ལས་ཐོག་འདུས་པར་བྱེད་པ། མཐོ་སྒང་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཐོད་བརྒལ་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་འཛུགས་སྐྲུན་ལ་མཚོ་སྔོན་གྱི་བྱས་རྗེས་འབད་པ་ཆེན་པོས་འཇོག་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལས་ཞུགས་ལས་དོན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་འབྲེལ་བ་དམ་ཟབ་ལྡན་ལ། དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཡང་ལྡན་པས། ལས་ཞུགས་ཀྱི་བར་སྟོང་སྟོབས་ཤུགས་ཡོད་རྒུས་རྒྱ་སྐྱེད་པ་དང་། ལས་ཞུགས་ཀྱི་བག་ནུས་ཕུན་སུམ་ཚོགས་པར་སྔོག་པ། ཐོན་ལས་ཁེ་ལས་ལས་ཞུགས་ཀྱིལས་རིགས་གསུམ་མཉམ་འགུལལ་སྐུལ་འདེད་གཏོང་བ། སྲིད་ཇུས་དངོས་འབེབས་རྗེས་སྙེག་ལམ་སྲོལ་འཛུགས་པ། ལས་ཞུགས་བརྟན་པོར་འཛིན་པ། མང་ཚོགས་ཀྱི་ལས་ཞུགས་སྲིད་ཇུས་ཀྱི་ཐོབ་སྣང་ངེས་པ་དོན་གྱིས་མཐོར་འདེགས་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དམངས་འཚོའི་མཐའ་ཐིག་བརྟན་པོར་བསྲུངས་ཏེ། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་བརླིང་སྲུང་སྐྱོང་བྱ་དགོས།

ཚོགས་འདུས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ལས་དོན་གྱི་རྩ་འཛུགས་སྟོབས་ཡོད་ལ་འཕེལ་འགྲོས་གོ་རིམ་ལྡན། མུ་མཐུད་དུ་ཀྲུང་དབྱང་གི་བླང་བྱ་ལྟར། གནད་དོན་འཚོལ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྱད་པར་དུ་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་ཞིབ་བཤེར། ཡོ་བཅོས་ཐོག་སྣེ་ཁྲིད་པ་དང་། རིམ་པ་དང་རིམ་པ་བཅོས་སྐྱོང་ཚད་ལ་སླེབས་པར་ཁག་ཐེག་བྱས་ཏེ། མི་དང་དོན་དག་ངེས་པ་དོན་གྱིས་མཐོང་བར་བྱ་དགོས་པར་བསྟན།

ཚོགས་ཐོག་ནས་འབྲེལ་ཡོད་ཡིག་ཆར་མཉན་ནས་གྲོས་ཞིབ་བྱས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : གསང་བདག་རྒྱལ།