ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྲུང་སྐྱོབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2021ལོ་ནས་བཟུང་། ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམ་དུ་འབྲེལ་ཏེ་ཁྲིམས་འཛུགས་ལས་དོན་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་བརྟན་བརླིང་། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཁྲིམས་སྐྱོང་ཐད་ཀྱི་སྲ་བརྟན“རྒྱབ་རི”མཁོ་འདོན་བྱས།

ཁྲིམས་འཛུགས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཁྲིམས་འཛུགས་ཁ་ཕྱོགས་ལ་གནད་འཁེལ་ངང་བྱང་ཆུད་པར་བྱས་ཏེ་ཞིང་ཆེན་ཏང་ཨུས་ཐབས་ཇུས་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བླང་བྱ་ཁྲིམས་འཛུགས་བརྒྱུད་རིམ་ཡོངས་ལ་འདྲེས་སུ་བཅུག་སྟེ། སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་རམ་འདེགས་མི་སྣའི་དོ་དམ་སྒྲིག་སྲོལ》ལ་རོགས་རམ་གྱིས་སྒྲིག་བཟོ་བྱས་པས། ཉེན་རྟོག་རམ་འདེགས་རུ་ཁག་དོ་དམ་གྱི་ཁྲིམས་སྐྱོང་རང་བཞིན་གྱི་ཆུ་ཚད་ནུས་ལྡན་ངང་མཐོར་འདེགས་སུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སྒྲིག་སྲོལ》བཏོན་ཏེ་དུག་འགོག་ལས་དོན་ཁྲིམས་སྐྱོང་རང་བཞིན་གྱི་བགྲོད་ལམ་ནང་ཁྱོན་ཡོངས་ནས་ཞུགས་སུ་བཅུག 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་གྱི་དོན་ཚན་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་སྒྲིག་སྲོལ》བཏོན་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱས།

ཁྲིམས་འཛུགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད“འཛུགས་པ་དང་བཟོ་བཅོས། རྩ་མེད་དུ་གཏོང་བ”བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་རྒྱུན་འཁྱོངས་བྱས་པ་དང་། ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཁྲོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས། 《མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ཉེས་གསོག་སྔོན་འགོག་གི་སྒྲིག་སྲོལ》སོགས་ཀྱི་ཁྲིམས་སྲོལ་ཐེ་ཚོམ་མེད་པར་རྩ་མེད་དུ་བཏང་། དུས་མཚུངས་སུ། ཁྲིམས་ལུགས་རོགས་སྐྱོར་སོགས་ཀྱི་ཁྲིམས་སྲོལ་གསར་བརྗེ་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། ཁྲིམས་སྲོལ་གྲོས་གཞི་མང་པོར་ཞིབ་བཤེར་བཟོ་བཅོས་བྱས་ནས་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་གྲགས་ལ་ནུས་ལྡན་ངང་སྲུང་སྐྱོང་བྱས།

ཤེས་གསལ་ལྟར་ན། ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ད་དུང་གྲོང་ཁྱུར(ཁུལ)གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་འཛུགས་སྐྲུན་ཁྲིམས་འཛུགས་ཐད་སྔ་མོ་ནས་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་དེ། ས་གནས་གཉིས་ཀྱིས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བདེ་འཇགས་འཛུགས་སྐྲུན་ལས་དོན་གྱི་རྣམ་པ་དང་ལམ་ལུགས་མ་ལག་བསྐྲུན་པར་རོགས་རམ་བྱས།

ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། “ང་ཚོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཐོག་མའི་ཞིབ་བཤེར་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་བཏང་སྟེ།《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་སྐོར་གྱི་གཏན་འབེབས་འགར》ཐོག་མའི་ཞིབ་བཤེར་ཡག་པོ་བྱས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག》གི་ཁྲིམས་འཛུགས་ལ་བརྟག་དཔྱད་བྱས།  བདེ་འཇགས་འཛུགས་སྐྲུན་ལས་དོན་གྱི་མཉམ་ཤུགས་ཆེ་རུ་གཏོང་བའི་ལམ་སྲོལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་དུས་རབས་གསར་པའི‘ཧྥེང་ཆའོ་ཉམས་མྱོང’ལས་མཚོ་སྔོན་གྱི་ལག་ལེན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་རོགས་རམ་བྱེད་དགོས་ཞེས་བཤད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་སྐྱིད།