ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཞིང་ཆེན་རྒྱལ་སྲུང་དམངས་རགས་འཛུགས་སྐྲུན་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། རྒྱུད་ཁོངས་ལྡན་པའི་སྒོ་ནས2024ལོའི་ལས་དོན་ལ་སྤྱི་སྡོམ་བྱས་པ་དང་། མིག་སྔར་གྱི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། 2025ལོར་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་ན་ནིང་གི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་རྒྱལ་སྲུང་དམངས་རགས་འཛུགས་སྐྲུན་ལས་དོན་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཏེ། ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ནན་ཏན་གྱིས་ལག་ལེན་ལ་འདེབས་པ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་གཞི་རྩར་འཛིན་པ། མི་དམངས་ཀྱི་ཕན་བདེ་འཕེལ་རྒྱུར་སྒུལ་ཤུགས་བྱེད་པ། ཉེན་ཁ་རྐྱེན་ངན་འགོག་ཟོན་ཐག་གཅོད་གཙོ་གནད་དུ་འཛིན་པ། ལམ་སྲོལ་གསེད་བཀྲོལ་བྱེད་པ་དང་སྟོབས་ཤུགས་སྡུད་སྒྲིག་བགྱིད་པ། རྨང་གཞི་སྲ་བརྟན་གཏོང་བ། འགན་ལེན་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་པ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་ཤུགས་ཆེན་པོས་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པ་ཆེན་པོས་སྐུལ་འདེད་གཏོང་བར་འགན་ལེན་སྟོབས་ཆེན་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་ནི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཙོ་གཞི་དང་ཕན་ཁེ་ཐོབ་མཁན་ཡིན་པས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དཔེ་རྣམ་འཐུས་ཚང་དུ་གཏོང་བ། དྲ་ལམ་དང་ཡུལ་དངོས་གཉིས་ནས་མང་ཚོགས་ལས་དོན་འབྲེལ་གཏུག་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་ལ་དམིགས་ཏེ། གནད་དོན་གཞི་རིམ་ནས་ཐག་གཅོད་པ་དང་གནད་དོན་ཆུང་ཆུང་ནས་ཐག་གཅོད་པ་བཅས་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་གི་སྤྱིའི་འགོག་སྡོམ་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རྒྱུད་ཁོངས་རིགས་ལམ་རྒྱུན་འཁྱོངས་བྱེད་པ། གཞི་རྩའི་འགོག་སྡོམ་སྡེ་ཚན་འཛུགས་སྐྲུན་ཕྱོགས་ཡོངས་དང་ཞིབ་ཚགས་ལྡན་པར་ལེགས་པར་སྒྲུབ་པ། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བྱེད་ཤུགས་ཆེར་སྐྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་སྤྱིའི་འགོག་སྡོམ་ནུས་པ་ཇེ་དྲག་ཏུ་གཏོང་བ། ཟས་རིགས་སྨན་རྫས་རྫུན་མ་དང་རྐུ་འཕྲོག་མགོ་སྐོར་སོགས་མང་ཚོགས་ཀྱི་ཞུ་གཏུག་དྲག་པོའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་བཏང་ནས། མང་ཚོགས་ཀྱི་བདེ་སྣང་ངེས་པ་དོན་གྱིས་མཐོར་འདེགས་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་སྐུལ་རེས་ལེགས་པོ་ལ་སྐུལ་འདེད་གཏོང་བ་དང་། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འདུ་ཤེས་ལ་བརྟེན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་སྲུང་བ་དང་། གནོད་འགོག་གནོད་སྐྱུང་ཆུ་ཚད་ཕྱོགས་རྣམ་ཀུན་ནས་མཐོར་འདེགས་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འབད་པས་སྐྲུན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེད་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་བསླངས་ཏེ། བདེ་འཇགས་ཀྱི་གནས་སྟངས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འགན་ལེན་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཆུ་ཚད་མཐོ་བའི་བདེ་འཇགས་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་ཆེ་ཕྱོགས་བརྟན་བརླིང་དང་ཡང་ཁ་འབྲལ་ཐབས་མེད་པས། ལངས་གནས་སྔར་ལས་ལྷག་པར་མཐོར་འདེགས་དགོས་པ་དང་། འཕེལ་རྒྱས་ནི་བདེན་ལུགས་ཡིན་པ་དང་བདེ་འཇགས་ཀྱང་བདེན་ལུགས་ཡིན་པའི་འདུ་ཤེས་བརྟན་པོར་སྐྱེད་པ། གོང་འཕེལ་བརྟན་པ་དང་ཉེན་ཁ་འགོག་པའི་འབྲེལ་བར་སྤྱི་འདོམས་ལེགས་པོ་བྱེད་པ། ཉེན་ཁ་སྣ་ཚོགས་འགོག་ཟོན་ཐག་གཅོད་བྱེད་པ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། ཉེན་ཁའི་གསོག་ཚད་ཐག་གཅོད་ལེགས་པོ་བྱེད་པ། ཉེན་ཁའི་འཕར་ཚད་སྟོབས་ཤུགས་ཡོད་རྒུས་ཇེ་ཉུང་དུ་གཏོང་བ། ཉེན་ཁའི་འགྱུར་རྐྱེན་ལ་འགོག་སྡོམ་ནན་མོ་གཏོང་བ། དཔལ་འབྱོར་སླར་གསོ་བཟང་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་གཏོང་བ། “དོན་གང་ལའང་གདེང་ཚོད་ཡོད་པའི”འགུལ་སྐྱོད་བྱེད་ཤུགས་ལ་བརྟེན་ནས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལས་དོན་ལ་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ལེན་པར་ངེས་པ་དོན་གྱིས་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས2024ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལས་དོན་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་དམངས་རགས་འཛུགས་སྐྲུན་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། གྲོང་ཁྱེར་དང་ཁུལ་སོ་སོ། ཁོངས་གཏོགས་ལས་ཁུངས་བཅས་ཀྱིས2024ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལས་དོན་གྱི་གནས་ཚུལ་ཡིག་ཐོག་ནས་སྙན་ཞུ་ཕུལ།
ཞིང་ཆེན་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཧུའུ་ལུའུ་ཁྲུན། ཉི་མ་སྒྲོལ་མ། ལུའེ་ཀང་། ལི་ཧུང་ཡ། ཐེན་ཁའེ། ཀྲང་ཙེ་ཅུན། ཀྲ་ཆིན་ཅིའུ་བཅས་དང་། དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་གི་མགོ་ཁྲིད་སུང་པའོ་ཧའེ་བཅས་ཚོགས་འདུར་ཞུགས། །